[A:71]རཀྵི་ཏའི་ཆེད་དུ་འཕགས་པ་རིན་པོ་ཆེས་མཛད་པ་ཡིན་གསུང། སྤྱི་ལྗོན་དག་ལྡན་དང་བཅས་པའི་དོན་བསྡུ་ཆུང་ངུ་རྣམས་རྩ་རྒྱུད་འཕགས་མཆན་གྱི་ཁོངས་སུ་སྦྱར་བའི་སྐྱར་ཆོས། འཕགས་པའི་ཡི་གེའི་སྟེང་ནས་དག་པ་གསུམ་གྱི་ཁྲིད། ཏོག་གསུམ་སྐྱེ་ཊཱིཀ་དང་སྦྱར་བའི་བཤད་པ་འཁྲུལ་འཁོར། ལས་ཚོགས་སོ་དྲུག་གི་ལག་ལེན་དམར་ཁྲིད་དུ་འདོམས་པ། རྒྱ་སྟོན་དང། ལོ་ཙཱ་བ་མ་ཎི་ཀའི་ཊཱིཀྐ་གཉིས་ལའང་མཐའ་ཆོད་དུ་གནང་བའི་དགག་སྒྲུབ་ཀྱི་གནས་དུ་མ་ལ་སྤོབས་པའི་སྣང་བ་བསྐྱེད་ཅིང། འབྲི་ཁུང་དཔལ་འཛིན་གྱི་སྔགས་ཀྱི་སྡེབས་སུ་གྲི་ནག་པོའི་སོ་འདེབས་དུག་སྦྲལ་འབར་བ། གནམ་ལྕགས་ཨུརྨོ་སོགས་ཀྱི་འབྱིན་འཇུག་གི་ཞལ་ཤེས་སྙན་བརྒྱུད། སྐྱོ་ལུགས་ཀྱི་རྭ་རྩེ་སེམས་འཛིན། མཚན་མོ་རྒྱུ་བ་མཚན་མ་གྱེན་བསྒྲེངས་རྣམས་ལྷན་ཅིག་བསྒྲིགས་པའི་རྫོགས་རིམ་གྱི་ཁྲིད། དེ་དང་འབྲེལ་བར་རྒྱབ་རྟེན་དུ་བསྐྱེད་རིམ་གྱི་བཤད་པ། འཇིགས་བྱེད་ཀྱི་སྒྲུབ་ཐབས། ཞི་ཁྲོ་རྣམ་རོལ། སེམས་དཔའ་བསྡུས་པ་གཉིས་ལའང་ལམ་བསྒྲིགས། རང་ལུགས་འགྲོ་མགོན་འཕགས་པའི་བླ་མ་གཉན་རིན་པོ་ཆེ་བསྟན་པའི་མཚན་ཉིད་ཇི་ལྟ་བ་བཞིན་ངེས་གཟུང་དུ་མཛད་ནས། དེ་ལས་གཞན་པའི་གནས་ལ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་ཀྱི་བཞེད་པ་རྣམས་དགག་ཡུལ་དུ་བཞག་པའི་རིགས་པའི་ཚེར་མ། རྟོག་གེ་བ་དག་གིས་བསྐལ་བརྒྱར་བསམས་ཀྱང་བློའི་སྣང་བ་ལ་འཆར་བ་མ་ཡིན་པའི་ཐལ་འགྱུར་གྱིས་མཚོན་རྣོན་པོ་དཔག་མེད་སྩལ་བ་ཡང་དྲན་ཤེས་ཀྱི་སྣོད་མི་བརྗེད་གཟུངས་ཀྱི་ཟ་མ་ཏོག་ཉིད་དུ་བཞག་པས། ཕྱིས་འབྲས་སྤུངས་སུ་རྗེ་ཐམས་ཅད་མཁྱེན་པ་དང་མཇལ་བ་ན། གླེང་བླངས་ཀྱི་འཕྲོས་ལ་བློ་ཡུལ་དུ་