[A:74]གྱི་སྐབས་ལས་ཀྱང་ལྷག་པར་འཇུར་བའི་མཚམས་དམ་པ་རང་གལ་ཆེ་ཞིང། དེང་སང་གི་ཆོས་རྗེ་རྣམ་པའི་ཕྱག་བཞེས་བསྲུང་འཁོར་ལ་བརྟེན་ནས་གནང་བ་ཡང་ཡོད་ཚོད་འདུག་ནའང། སྔར་ཁོ་བོ་རང་གི་བསྙེན་པ་བྱེད་དུས་ཡི་དམ་གྱི་བདག་སྐྱེད་སྔོན་དུ་སོང་བའི། མདུན་བསྐྱེད་ལ་བརྟེན་ནས་བྱས་པ་ལྟར་ལག་ལེན་མ་འཛོལ་བ་གྱིས་གསུང། ཞག་གཉིས་ཀྱི་རིང་ལ་བསྙེན་པའི་བྱེད་ལུགས་ཞལ་ཤེས་ཞུས། གཏོར་མའི་བཅའ་གཞི། སྡོད་ས་ཚུན་སྤྱན་ལམ་དུ་ཕབ་ནས། ཟླ་བ་གཉིས་ལ་བར་ཆད་ཀྱི་མཚན་མ་མེད་པར་མཐར་ཕྱིན། དེར་བཀའ་ལས། བསྙེན་པའི་རིང་མཚན་བརྟགས་ཇི་ལྟར་བྱུང་གསུང་བ་ལ། སྔར་ལས་ཡིད་ཕེབས་པ་ཙམ་ལས་མངོན་གྱུར་བ་གང་ཡང་མ་བྱུང་ཞུས་པས། ད་ལན་གྱི་རྟགས་རྣམས་ངེད་ལ་རྨི་ལམ་དུ་གསལ་ཐག་ཆོད་བྱུང། རྗེས་སོར་ལབ། ད་ལན་སྒྲུབ་མཆོད་ཀྱི་གཙོ་བོ་གྱིས། ཕྲིན་ལས་རྒྱ་ཆེ་བའི་རྟེན་འབྲེལ་ཡོད་པས། དཀྱིལ་འཁོར་ན་ནིང་ལས་ཁྲུ་གང་གི་ཆེར་ཆུག། རྒྱུད་ལས་འབྱུང་ཁུངས་ཀྱི་བྱེ་མ་བཤད་པ་ལྟར་སྤངས། མཐིང་ལོ་ཁྲི་སྲོགས་བཟང་མཚོན་ཁོ་ནས་བྲིས། སྤྱི་མཆོད་དང། ལྷ་སོ་སོའི་དགོས་མཆོད་རྣམས་སྔར་ལས་ཉིས་འགྱུར་དུ་སྤོར། སྔ་ཕྱིའི་ཆོ་གའི་བར་ངག་བཅད་སེམས་འཇུར་བ་གྱིས། བདག་འཇུག་གི་དཀྱིལ་འཁོར་གཙོ་བོར་བླ་མར་བསྒོམས་པས་བླ་མ་ལ་དབང་ཞུས་པ་དང་ཁྱད་མེད་པ་ཡིན་ཞེས་བཀའ་སྩལ་པ་ལྟར་ལ་སྤུ་རྩེ་ཙམ་ཡང་མ་འཆུགས་པར་ཆོ་འཕྲུལ་གྱི་རིང་གྲུབ་རྗེས། སླར་ཚེ་དཔག་མེད་དང། ཀུན་རིག་གི་བསྙེན་པ་གྱིས་གསུང་བ་བཞིན་ཟླ་བ་ཕྱེད་གསུམ་རིང་ཤིན་ཏུ་དོས་དྲག་པ་རང་བྱས། ས་ཁའི་ཚེས་བརྒྱད་ཀྱི་དགེ་རྩའི་སྟེངས་སུ་གྲོལ། དེ་ནུབ་གཟིམས་ཆུང་འོག་མིན་དུ་སྲོད་ལ་