R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 73
[A:73]ཚོམས་སུ་འདོར་བ་ཤ་སྟག་འབྱུང་བས། གཏོར་ལམ་གྱི་ཕྱོགས་ཉིན་ལམ་གསུམ་བཞི་ཁྱབ་པར། བདུད་ཀླད་འགེམས་པའི་ཆ་ལང་དྲག་པོའི་སྒྲ་ལྟ་བུ་རྣམ་དབང་མ་ཉམས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་མངོན་སུམ་གྱི་སྣང་བ་ལས་མ་འདས་པའི་ཆོས་འཕྲུལ་ཆེན་པོ་ཡང་ཐོགས་མེད་དུ་བྱུང་སྟེ། ཐམས་ཅད་དཔང་པོར་གྱུར་པའི་ངག་ཁོ་ན་ཡིན། དེ་ལྟར་བྲག་དཀར་དུ་ཟབ་ལ་རྒྱ་ཆེ་བའི་གདམས་པ་དེ་ལྟར་ཐོབ་ཏེ་སེམས་ཚིམ་ནས། ཡར་ལམ་བྱམས་པ་གླིང་དུ་ཞག་འགའ་བསྡད་པའི་སྐབས། པཎ་ཆེན་རིན་པོ་ཆེའི་དྲུང་ནས་སྔར་འདིའི་དམིགས་པ་མ་གསན་ཡོད་པ་ཤས་ཆེ་གསུང། རང་བྱིན་བརླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུ། སམ་པུ་ཊིའི་རྒྱུད་དང་སྦྱར་ནས་བསྩལ་ཞིང། མི་ཉག་པྲཉྫཱ་ཛཱ་ལའི་ཟིན་ཐོའི་འཁོར་འདས་དབྱེར་མེད་ཀྱི་དཔེ་ཞིག་ལ་ཡང་དྲིས་མལ་ཡང་དག་པའི་སྒྲོ་འདོགས་ཆོད་པའི་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པར་མཛད་དེ། སླར་དྲུང་པ་ཆོས་རྗེའི་དྲུང་དུ་ཟླ་ཆོས་གཅིག་གི་རིང་ལ་མགོན་པོའི་མན་ངག་མཁས་གྲུབ་དཔལ་ལྡན་རྡོ་རྗེ་ལ་གསན་པའི་གསེར་པོད་དུ་གྲགས་པའི་རྗེ་རྡོ་རྗེ་འཆང་གི་དཀར་ཆག་ཏུ་འཁོད་པ། མེ་འབར་མར་བཏགས་པའི་བདག་ཆེན་རིན་པོ་ཆེས་ཕྱོགས་གཅིག་ཏུ་བསྒྲིགས་པ། རྭ་སྟོན་ཆོས་རྗེས་པཎྜི་ཏ་གྲགས་པ་རྒྱལ་མཚན་ལ་གསན་པའི་མལ་པོད་དུ་མཚན་གསོལ་བ་དེ་གསུམ་ཀའི་སྟེང་ནས་སྔར་མ་ཐོབ་པ་རྣམས་ལ་ལུང་བསྩལ་མཚམས། ཁྱོད་ཀྱིས་བླ་མ་རྣམ་གསུམ་ལ་ཐོབ་པའི་ཆོས་སྐྱོང་གི་བཀའ་རྗེས་གནང་ལུང་མན་ངག་རྣམས་ཡོངས་སུ་རྫོགས་པ་ཐོབ་པས་སེམས་བདེ། མགོན་པོའི་བསྙེན་པ་འདི་ཤིན་ཏུ་བར་ཆད་སྡང་བས་ངེད་མ་ཤི་བ་ལ་འཁྱོལ་བ་ཞིག་དགོས་པས། གནང་ནུབ་མན་སྔར་ཡི་དམ་