[A:75]གསོལ་ཇ་བཟང་བ་རང་གཅིག་གི་སྟེང་འདས་མ་འོངས་ཀྱི་ལུང་བསྟན་བཀའ་བཀོད་དང། ཁྱད་པར་བླ་མ་རིགས་ལྔའི་བསྙེན་སྒྲུབ་ལས་གསུམ་ཞིབ་པ་ཞིག་གནང། དོ་ཞག་ཁྱོད་འདི་ཀར་ཡོད་ན་བསམ་པ་རྫོགས་པར་འདུག་ཏེ་ནའང། གནངས་ཚེས་བཅུ་ལ་འོ་སྐོལ་གཉིས་ཀ་འབོད་མི་སླེབ་ཡོང་བ་འདྲ་གསུང་བའི་རྗེས་ལ་སེམས་འཇིགས་ཆུམ་པ་ཅིག་བྱུང། ཅི་གསུང་བ་ཡིན་ནམ་མི་ཚེ་རིལ་པོ་ལ་ཞལ་འཁྱལ་གསུང་བ་ནི་མི་དྲན་སྙམ། བློ་མ་བདེ་བའི་རྣམ་པས་དེ་ནུབ་གཉིས་ཙམ་ཡང་མ་བྱུང། ནང་པར་ཚ་བ་ཐོན་རྗེས་གསོལ་ཇའི་སྟེང་ཞབས་དྲུང་དུ་མཇལ་བས། སྐུ་གཟི་འོད་ལང་ཙོvc: ཚོའི་དཔལ་འབར་ཞིང། སྤྱན་དཀར་ནག་ཕྱེད་པ་བལྟ་བ་བས་མི་ངོམས་པ་ལྟ་བུ་གཅིག་འདུག། འཕྲོས་གཏམ་འབུས་ཙམ་གནང་རྗེས། མདངས་གནང་བའི་གསུང་ཆོས་ལ་སྐྱར་ཅག་ནན་ཏན་མཛད། ད་ངའི་གུང་ཐུན་རན། གྲོ་སྟེང་དུ་སླར་འཕྲད་དོ་གསུང། གསོལ་གྲོའི་སྟེང་དུ་ཡང་ཡན་ལག་བདུན་པ་མཛད་རྗེས་དང། འབྲེལ་གང་ཡང་མེད་པར།
གུང་ཐང་པ་དེ་བླ་མ་གཉིས་པ་འཚོལ༎
འབྲོམ་རྗེ་ཁྱོད་ནི་ཁོ་བོ་གཅིག་པུ་སེམས༎
སྦྲུལ་གྱི་ལྤགས་པ་རྗེ་ཡང་སྤྲུལ་མི་རྗེ༎
ཁོ་བོ་འཆི་ཚུལ་བསྟན་ཡང་ཨ་ཏི་ཤ༎
ཞེས་ཕྲལ་གསུངས་ནས་གཅེར་གཟིགས་བྱུང་བས། ཚུགས་མི་ཐུབ་པ་ལྟ་བུའི་ལུས་ཉམས་གནན་ཀྱང་མི་ནོན་པ་ཙམ་ཞིག་བྱུང། ཟ་བའི་མདུན་པ་ཡང་མེད་པར་དྲུང་རང་ལ་བལྟ་བའི་ངང་ནས་ཇ་གྲོལ། དེའི་ནང་བར་སྐྱེས་མདུན་དགོན་པར་ནན་བསྐྱེད་གསོལ་བ་བཏབ་པའི་བདེ་མཆོག་ནག་པོའི་དབང་ད་ལན་ཡོང་གསུང།
མཁན་རིན་པོ་ཆེའི་ཕྱག་ཐོ་ཕེབས་པ་གཟིགས་ཕུལ་བས༎
ཞལ་འཛུམ་མཛད་ངས་ཁ་སང་རང་ལུང་བསྟན་པ༎
ད་