[A:78]པར་བསྐུལ་ཐུབ་ཅིང་ཡོད་འདུག། བདག་རང་བསྔོ་བ་འབུལ་བར་བརྩམས་ནས་སེམས་མི་རྟོག་པའི་ངང་དུ་སོང་ཏེ། ཅི་སྐད་བྱས་མི་དྲན་པར། ཙ་ན་ཡོད་པ་ཀུན་ལ་ཁྱེད་རྣམས་ཀྱི་བལྟས་དུས་ཅི་འདྲ་བྱུང་བྲིས་པས། ཉིན་རེ་བཞིན་གསུང་གི་ཆ་འདི་ཙམ་ཞིག་ཟིན་བྲིས་སུ་འཁོད་ཐུབ་ན་ཡང་ཡིད་རེ་བ་ཡོངས་སུ་རྫོགས་པ་འདུག་སྟེ་ཞེས་སེམས་དུངས་པ་རང་འདུག། མདོར་ན་རང་གི་སྟོབས་ཀྱིས་ཅི་འཁྱུད་གསོལ་བ་བཏབ་པའི་རིམ་པ་གཡོ་མེད་པར་བསྒྲུབས་ཤིང། ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པའི་གདུང་ལ། བརྙིགས་མའི་རྙོག་པའི་ཆ་ཅི་ཞིག་འཚལ་ཏེ། དྲི་ངས་པ་དང། མྱགས་པ་ལ་སོགས་པའི་རྣམ་པ་ཅི་ཡང་མེད་པར། ཚུལ་ཁྲིམས་ཡོངས་སུ་དག་པའི་དྲི་བསུང་གིས་ཁྱབ་པའི་གདུང་དེ་ཉིད་ས་ཁའི་ཉེར་ལྔ་ལ་བབ་པ་ན་ཞུགས་ལ་ཞེན་དགྱེས་པ་རྡོ་རྗེའི་ཆོ་གས་ཞི་བ་ལས་ཐམས་ཅད་པའི་ཞུགས་བླུགས་ཕུལ། དྲི་ཞིམ་པོ་དང་བཅས་པའི་བུད་ཤིང་བཟང་པོས་ཡུད་ཀྱིས་སྦྱངས་ཏེ་ཞག་དུ་མར་གསོལ་བ་བཏབ། གདུང་ཞལ་འབྱེད་པའི་ལས་མངོན་དུ་བགྱིས་པ་ན། སྐུ་གདུང་ཁ་དོག་སྣ་ཚོགས་པའི་རིང་བསྲེལ་གྱིས་བསྟམས་པའི་ཡིད་ཆེས་དེས། མ་རུང་བའི་སེམས་འཆང་བ་རྣམས་ཀྱང་གུས་པའི་བསམ་པ་མ་སྦྱོར་བར་མཛད། སྐུ་གདུང་བྱིན་པ་ཚར་བཏབ། གསེར་གྱི་ན་བཟའ་དང་བཅས་དད་ཅན་ལ་རྟེན་སྐལ་དུ་འགྱེད་པ་དང། བྱིན་གསེར་འབུམ་རྣལ་རྒྱལ་མཆོད་རྟེན་གྱི་ནང་བཞུགས་བགྱིས། རབ་ཏུ་གནས་པའི་མངའ་གསོལ་ལེགས་པར་ཕུལ། བླ་མ་བསྒྲོས་པོ་དེ་བཞུགས་རིང་ཁོང་གི་ཐུགས་རྗེས་ཡིད་བདེ་འབའ་ཞིག་གིས་འཚོ་བར་བྱུང་ཡང། རྗེ་དེ་གཞན་དོན་ལ་དགོངས་པ་ནས། བྱང་ཁོག་གི་གནས་དེའང་སྟོང་བར་སོང། གང་ལ་རང་