R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 79
[A:79]བསམས་ཀྱང་ཕ་བགྲེས་པོ་དེས་བསྒྱུར་བའི་ཤུལ་དེར། བློ་སྐད་ཅིག་ཀྱང་མ་ཆགས་པར། ཕུགས་བྱ་བྲལ་ཞིག་ལ་ཡི་དམ་བཅས་འཕྲལ་ཨ་མ་དྲིན་ཅན་དེའི་སེམས་སྐོགས་དོགས་ཟོལ་མེད་སྡུག་སྲན་བསྐྱེད། སྐབས་སྐབས་སུ་ཨ་མ་འདི་ཚེ་ཐུང་ན་ཡོང་སྟེ། འདི་གཅིག་པུ་ལས་ས་འདིར་ཆགས་པའི་རྟེན་མེད། ཕ་ཡུལ་སྤངས་པས་ཆོས་ཕྱེད་འགྲུབ་པ་རང་བདེན་པ་འདུག་སྙམ་པ་ལྷང་ལྷང་བྱུང། དེར་བླ་མ་དང་བྲལ་ཤུལ་དེས་བློ་ལྷག་པར་བརྩེར། རེ་ཤིག་བག་ཆགས་འཐས་པར་ཡོད་པས་བྱང་སེམས་རིན་པོ་ཆེའི་དྲུང་དུ་ཕྱིན། ཟླ་ཕྱེད་བར་མ་གཅིག་ཀ་སོ་མ་རྒྱལ་ཐང་པ་ནས་བརྒྱུད་པའི་ལེ་ལག་བརྒྱད་མའི་སྐོར་རྣམས་ཚང་བར་ཞུས། དབང་བསྐུར་བྱིན་བརླབས་རྒྱ་མཚོ་ཞུས། དོན་ཁྲིད་ཡིད་བཞིན་ནོར་བུ་དམིགས་ཀྲིད་དུ་ནོས་མཚམས། ལོ་དུས་དཀྱིལ་དབྱར་གནས་ལ་འབོད་མི་བྱུང་བས། ང་ད་ལོ་གཏན་མི་འགྲོ། ཕ་དེས་བསྐྱུར་བའི་སྡུག་ཤུལ་དེ་སེམས་ལ་གཟན་བྱས་ཐག་བཅད། དགོན་སར་ཐུགས་མི་ཕེབས་ན་འཕྲེད་མཁར་དུ་དབྱར་གནས་འཛུགས་ཟེར་ནན་བསྐྱེད་བྱུང་ནའང། རྩིས་བཏབ་མ་བྱས་པས། མཁན་རིན་པོ་ཆེའི་ཕྱག་རྟགས་ཞིབ་བཀོད་མཛད་ནས། བླ་མའི་རྗེས་སུ་ཁྲེལ་ཡོད་ཀྱི་མྱ་ངན་བྱེད་ན་དུས་ཆོས་བཅག་པའི་དཔེ་ཡོད་དམ། ན་ནིང་སྡོམ་གསུམ་གྱི་བཤད་པ་སྔོན་མེད་བྱུང། ད་ལོ་རིག་གཏེར་རང་འགྲོལ་vc: འགྲེལ། རིག་མཛོད་གཉིས་སྦྱོར་ལ། འཇམ་དབྱངས་ཤེས་རབ་རྒྱ་མཚོའི་རིག་ཏེར་ལ་བརྟེན། སྡེ་བདུན་ལམ་རིམ་དུ་བསྒྲིགས་པའི་ལེགས་བཤད་འདི་སྟེང་ནས་ཤོད་གསུང། ཕྱག་དཔེ་རྣམས་ཀྱང་གནང་བྱུང་བས། བཀའ་མ་ཆོགས་པར་འཕྲེད་མཁར་དུ། བླ་མའི་བཀའ་བཅག་པར་སོང་དོགས་བྱིན། གླེགས་བམ་མགོ་ཐོག་