R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 81
[A:81]སྔར་དབང་བསྩལ་བའི་ལྷག་པའི་ལྷ་དེ་ཉིད། ནག་འབུམ་མལ་ཙ་བར། སུ་རངས་ལོ་ཆུང་ལུགས་གཉིས་ཀའི་ལུང། ནག་པོ་རིམ་བཞིའི་མྱོང་ཁྲིད་ཟབ་མོ་དགྱེས་བཞིན་དུ་སྩལ། སྐབས་དེར་ཁྲིད་གྲོལ་ཁར། རྗེ་དྲུང་གི་བདག་གི་ལག་ཏུ་དུང་གཡས་འཁྱིལ་ཅིག་སྩལ་ནས། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ༎ སོགས་ཚིགས་བཅད་དེ་གསུང་བ་རྨི༎ མགོན་པོའི་གསེར་པོད། མལ་གྱི་སྒྲུབ་ཡིག་ཆེན་མོ། རྗེ་ཉིད་ཀྱིས་དཀར་ཆག་ཏུ་ཐེབས་གཉིས་ཀའི་ལུང་ཚང་བ། སྐལ་ཆོག་འདོད་པའི་རྒྱལ་པོའི་སྒྲུབ་ཡིག། དམར་པོ་སྐོར་གསུམ་གྱི་པོ་ཏིར་མ་ཚུད་པའི་ཟུར་པ། རྗེ་ཕག་མོ་གྲུ་པ་ལ་གནང་བའི་ཐུན་མོངས་མ་ཡིན་པའི་གདམས་པ། སྐྱུ་རའི་མཛེ་འུར་འདོད་ཀྱི་བསྒོམ་ཆོས་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་ཐུགས་ཉམས་སུ་བཞེས་པ། ཨུཥྞཱི་ཥ་རྭ་ལུགས་ཀྱི་བསྲུང་འཁོར་ཞལ་གདམས་བཙན་པོ་མཁར་དུ་བཞུགས་པ། རྣོ་གསུམ་མཚོན་དུ་བརྡུང་བ། འཁོར་ལོའི་ཇག་པ་བཀྱེ་བ། རྡོས་དང་ཤ་བ་འབབ་པ། མགྱོགས་རྡོ་བར་སྣང་དུ་བཅག་པ། ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས། རྭ་པའི་བསམ་གཏན་ཉལ་ཆོག་གིས་མཚོན་པའི་གདམས་ངག་གཅེས་པོ་མང་དག་ཁྱོད་ཀྱི་ད་ལོའི་སེམས་བསོ་གྱིས་གསུང། ཚེ་དཔག་མེད་དཀར་པོ་ལྷ་བཅུ་གསུམ་གྱི་དབང། ལྷ་དགུ་ལན་གསུམ། འོད་ཟེར་ཅན་ལྷ་ལྔ། ཀུ་རུ་ཀུལླེ་ལྔ། དམར་པོ་སྐོར་གསུམ་གྱི་རྗེ་vc: རྗེསགནང་ལུང་ཚང་བ། གཉན་སྒྲོལ་ཡན་ལག་དྲུག་པ། སྒྲོལ་མ་ཉིན་ཞི་མཚན་ཁྲོ། སེང་གེ་སྒྲའི་གདོན་གྲོལ་རྣམས་བླ་མ་རྫོང་སྒོ་བས་ཞུས་པའི་ཞར་ཆོས་ལ་ཐོབ། དེ་ནས་སྟོན་པོ་འཇིགས་བྱེད་ཀྱི་ཐུགས་ཀའི་འཁོར་ལོའི་དམིགས་པ་ཞུས་ནས་ཐོག་མར་འཇིགས་བྱེད་དང་གཤེད་དམར་སྦྲེལ་བའི་གྲངས་བསྙེན་