[A:82]བགྱིས་པའི་རྗེས། རང་ལོ་ཉི་ཤུ་ལོན་པ་ལ་ཐོག་མའི་གསུང་ངག་རིན་པོ་ཆེ་དགེ་འདུན་བརྒྱར་ལོངས་ལ་ཟླ་བ་བཞིའི་བར། དྲུང་པ་ཆོས་རྗེའི་གསུང་རྒྱུན་ཕྱག་བཞེས་ཇི་ལྟར་བར་ཆོས་ཐུན་གཉིས་སུ་བཅད་ནས་བར་ཆད་མེད་པར་མཐར་ཕྱིན། ལམ་འབྲས་གྲོལ་རྗེས་ཆོས་ཡོན་རྣམས་རྗེ་དྲུང་འབུལ་བ་བསགནོ་བ་ཞུ་བ་ལ་རྣམ་རྒྱལ་དུ་ཕྱིན། དེ་ནུབ་མན་མཚམས་བསྡམས། བདེ་མཆོག་གི་བསྙེན་པའི་དབུ་བཙུགས། ཟླ་བ་ལྔ་ལ་ལེགས་པར་གྲུབ་ཅིང། ཁྱི་ཕག་བྱི་བ་གླང་སྟག་ཡོས་ཀྱི་དཔྱིད་བདེ་མཆོག་གི་གྲངས་བསྙེན་རེ་རེ། དགུན་ལམ་འབྲས་དུས་ཆོས་བསྟན་མ་ཆག་པར་བཤད། ལོ་བཞིར་ཕུ་ཕག་ཏུ་བསྡད་ནས་མཚན་མ་ཕྱེད་བར་སྒྲོན་མེའི་འོད་ལ་བརྟེན། ས་སྐྱ་བཀའ་འབུམ་གཙོ་བོར་གྱུར་པའི་དཔེ་བལྟ། ཡུན་རིང་ཐུང་མ་གཏོགས་བསྙེན་པའི་སྐབས་ཀྱང་མ་ཆག་པར་བལྟས། དེ་སྐབས་རྗེ་བཙུན་གོང་མ་ལྔའི་གསུང་རབ་མ་ལུས་པའི་འདི་ན་འདི་ཡོད་ཀྱི་ངེས་ཤེས་ཡིག་ཕྲེང་ཕན་ཚུན་གོང་འོག་མ་འཁྲུགས་པའི་རྗེས་དཔག། ནམ་དགོས་གླེགས་བམ་ཞལ་ཕྱེ་འཕྲལ་རང་ལ་རྙེད་པའི་སྩོལ་མེད་ཤུགས་འབྱུང། དྲུང་པ་ཆོས་རྗེའི་དུས་ཆེན་སྟེང་གུར་བརྟག་སམ་གསུམ། གསང་འདུས་མི་བསྐྱོད་པ། འཇམ་རྡོར། བདེ་མཆོག་ལཱུ་ནག་གང་རུང་ལོ་རེས་བྱས་པའི་དཀྱིལ་འཁོར་ལྔ་རེ་ཞལ་ཕྱེ་ཞིང། བྱི་ལོ་པཎ་ཆེན་བྱམས་པ་གླིང་པ་བདེ་བར་གཤེགས། སྔར་གྱི་ཐུགས་དགོངས་སབ་ཕྱིར་ལོ་གསུམ་གདན་ས་བསྐྱངས་པའི་རིན། དཔལ་ལྡན་བྱམས་པ་གླིང་གི་དགོན་པར་རྡོ་རྗེ་སྙིང་འགྲེལ། ནཱ་རོ་འགྲེལ་ཆེན། འགྲེལ་པ་ཀུ་མུ་ཏི། རྣལ་འབྱོར་སྦྱོར་འཕྲེང། བདེ་མཆོག་བསྟོད་འགྲེལ། རཏྣ་རཀྵི་ཏའི་བདེ་མཆོག་འབྱུང་གི་འགྲེལ་པ། འགྲེལ་པ་