[A:85]གཟབས་སྤྲོད་བྱས་བྱོན་པ་ལ་བརྟེན། ཛོ་ཀིའི་ཚོགས་ཤིན་ཏུ་མང་བ་འདུས་པའི་སྐབས་དེ་དང་འཛོམ། ཁོ་བོ་ཛོ་ཀིའི་སྐད་ཕལ་ཆེར་གོ་ཞིང། ཁྱད་པར་ཛོ་ཀི་ལ་གྲགས་པའི་བསྒོམ། ས་མ་དྷི། ཀྵེ་ཙཱ་རི། བྷུ་ཙཱརི། ཙ་ཙཱ་རི་སྟེ་རྩ་བའི་ཏིང་འཛིན་ཆེན་པོ་རྣམས་དང། ཨུ་གྲཎྚ། གྷ་གྲཎྚ། བྷ་གྲཎྚ་ལ་སོགས་པའི། བྱེ་བྲག་དུ་མ་ལས་བརྩམས་པའི་བསྒོམ་གྱི་སླེང་སླངས་མང་དུ་བགྱིས། སཏྭ་ཛོ་ཀི། འདུབ་པུར། པྲེ་ཏ། ཀ་ལ་ཛོ་ཀི་ཏེ། རང་སྐད་རྫོགས་ལྡན། གཉིས་ལྡན་སུམ་ལྡན། རྩོད་དུས་ཀྱི་མིང་ཡིན་པས། སྐབས་དེ་དང་དེར་བྱོན་པའི་ཛོ་ཀིའི་གྲུབ་ཐོབ། རྒྱ་གར་རྒྱལ་པོ་འདིའི་དུས་འདི་བྱུང་སོགས་དང། ཁྱད་པར་ཛི་ཀི་རང་ལ་གྲགས་པའི་ན་ཐ་སནྠི། ར་ཧ་སནྠི། ཙོལ་སནྠི། ཨ་ཡི་སནྠི། པ་ཀ་ལ་སནྠི། པཀྵི་སནྠི། ངྷ་ས་སནྠི་སོགས་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་སྡེབས་པ་ལྟར། ཛོ་ཀི་ནང་ཚན་སོ་སོར་གྱེས་མོད། ན་ད་སིངྒ། མུ་ཏྲ། བི་སུ། པད་ཐར། ཚ་ལི་ཏེ། ར་དུང། དུང་ལོང། ཐལ་སྣོད། ཀུ་ཕོར། ལྤགས་བསྟན་ལྔ་པོ་འདི་རེ་རེ་ལ་ཡང་གླེང་གཞི། དགོས་པ། འཆང་ཚུལ་སོ་སོ་ནས་ཡོད་པ་དང། གྲཥྚ། ཨུ་ཊ་པ་ན། ཙི་རང་ཊི། སྟག་རི། བ་གྲུ་ཝ་སྟེ། སྒོམ་ཤིང། སྒོམ་ཐག། རས་མ་སྣ་ཚོགས་བཏགས་པའི་ཞྭ། རྩ་ཐག་དང་བཅས་པའི་སྨད་དཀྲིས། འགྲོན་བུ་སོགས་འཕྲལ་དགོས་འཇུག་པའི་སྣོད། ཙཀྲ་ཀནྡ། བུ་དྷ་གོ་ད་ལི། མེ་ཁ་ལི། གྷོརྵ་ཙོ་ལི་སོགས་ཛོ་ཀི་རང་སྣང་གི་གོས་ཀྱི་ཁྱད་པར་དུ་མ་དང། ཛོ་ལི། ཨཉྫཱ་ལི། ཛ་ལི་སོགས་ཉེར་མཁོ་འཇུག་པའི་སྣོད། ཙ་ཁ་མུ་ཁ། ཨརྦྷ། ཀན་ཀོརྞ། ཁུག་རི་སོགས་ཉེར་དཔྱད་ཕྲ་མོ་དག་དང། ལ་ཇ་ལུ། སིན་ཏཾ་བྷེ། ཨཥྚ་དྷ་ཏུ། ཨ་ཀསྴ། བྷོ་ལི། ཀ་ཉ་ཀུ་མ་རི། སརྦ་ཛི་ཝ་