[A:86]སོགས་ཛོ་ཀི་རང་སྣང་གི་དངོས་གྲུབ་ཀྱི་རྫས་སོ་སོའི་འབྱུང་ས། ངོས་འཛིན་བྱེད་ལས་དག་གི་གླེང་བླངས་མང་དུ་བགྱིས། པཱ་ནི་ཨ་གྷ་མ། དྷརྟི་ཨ་གྷ་མ། བཱ་ཡི་ཨ་གྷ་མ་སོགས་ཚེ་སྒྲུབ་ཀྱི་རིགས་དང། ག་ཛཀརྨ། བྷི་ན་ཐཾ་བྷ། ཀ་ལསྶ་ཛ་སོགས་རྣལ་འབྱོར་ནང་གི། བི་དེ་ཀི་ཙུ་ཀི་ཙུ་དང། རཏྣ་བཛྲ། ཀཻ་ཤ་ལསྶ། ཙོ་རེ་བནྡ། པེ་ཊ་ཀ། ཛནྡྲ། པཱུ་རཀྐ། ཨ་ཧུ་ཊཿཨ། ཙཎྜ་ལི། པ་ཀལ། ཨོ་ཀལ། ཛནྡྲ་སོགས་སྔར་མ་གོ་བའི་མན་ངག་དུ་མའི་གསང་རྙེད། དེ་ལོ་ཁྲེང་ཤི་རུ་བ་ནཱ་ཐ། རོ་ཇི། དྷུ་དྷུ་པི། ཅེས་པའི་པིར་ས་དག་ཛོ་ཀི་ཆེན་པོ་ཁོང་དང་མཇལ་ཞིང། སྔ་ཕྱིར་ཛོ་ཀི་གདམས་ངག་ཅན་དུ་མ་དང་འགྲོགས་པའི་ཐོག་མ། ཨ་ས་ནཱ་ཐའི་སློབ་མ་བྷ་དྲ་ནཱ་ཐ། འདིས་ལོ་ཕྱེད་དང་གཉིས་ལྷག་ལྷན་དུ་འདུག། དེ་རྗེས་མ་ཧེས་ནཱ་ཐའི་སློབ་མ་བྷུ་དྷ་ནཱ་ཐ། ཁ་ཁ་ནཱ་ཐའི་སློབ་མ་ས་ཛ་ནཱ་ཐ། བིཀྵ་ནཱ་ཐའི་སློབ་མ་ཆེས་རམ་ནཱ་ཐ། སྲུ་བ་ནཱ་ཐའི་སློབ་མ་བྷ་ཧུ་ན་ཐ། ཏིར་ཐི་ནཱ་ཐའི་སློབ་མ་པནྠ་ནཱ་ཐ་ཨི་ཚ་ནཱ་ཐའི་སློབ་མ་ཛ་ཊ་ནཱ་ཐ་རྣམས་དང། ལོ་ཟླ་བ་བརྒྱད་དགུ་འགྲོགས་པས། གདམས་ངག་གི་གནད་ཅུང་ཟད། འཁྲུལ་འཁོར་གྱི་བྱེད་ཆིངས་ཟབ་མོ། སྨན་སྦྱོར་གྱི་རྟེན་འབྲེལ་ཕྲ་མོ་འགའ་བསླབས། དེར་གནས་ཆེན་དུ་རྒྱ་གར་གྱི་ཛོ་ཀི་དེར་འདུས་ཀྱི་དབུས་སུ་ག་ཎ་ཙཀྲའི་པཱུ་ཛའི་མཆོད་པ། ན་རིལ་གྱི་འོ་མ། ཀཻ་ལ། ག་གོན་ཏེ། སྔར་ཟ་མ་མྱོང་བའི་བཟའ་བཅའ་རྣམ་གྲངས་དུ་མ་དང། དེར་འདུས་ཀྱི་རྒྱལ་པོ། བྲམ་ཟེ་རྣམས་ཀྱིས། ལ་དུ། རོ་ཏྲི། ར་ཛི། བཱ་ཛི། མཱ་དྷུ། སོ་བ་རི། པན་གྱི་འདབ་མ་སོགས་ཀྱིས་མཆོད། བྲམ་ཟེ་རྣམས་ཀྱིས་ཤིས་བརྗོད་བྱས། ཤེད་ད་ཙན་དན་གྱི་ཏིལ་ལ་ཀ་དཔྲལ་བར་བྱིན། ག་ཎ་ཙཀྲའི་དུས། ཐོག་མ་ཛོ་ཀི་གཞོན་པ་གཉིས་ཀྱིས་