R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 87
[A:87]ཀིན་དྷི་ར་ཐོགས་ནས། གཱི་ཏ་བསྒྱུར། དེར་རྗེས། པིར་དེས། ཤི་བ་ཀ་དེར། ཛྭ་ཀི་ཀུན་གྱིས་སཏྲ་པུར། ཞེས་བརྗོད་པ་འོ་སྐོལ་གྱི་བསྔོ་བར་འདུག། དེ་སྐབས་ཁོ་བོས་རྣལ་འབྱོར་དབང་ཕྱུག་གི་གླུ། བཱི་རུཔང་གི་ཛོ་ཀི། ཨས་ན་སེ་བྷོ་ཀི། ཛོ་ཀི་ནི་སང་ཀི་ན་ཚོ་ཌེ། སོགས་དང། ཡང་ཡོང་གྲགས། ཨ་ཏི་ཀུ་མ་རི་སུ་ཁ་མ་ན་ན་རི་ཏེ། རྟག་ཏུ་གཞོན་ནུ་ཕྲུ་གུའི་ལུས༎ བདག་མེད་མ་དང་མི་འབྲེལ་འགྲོགས༎ ཟེར་བར་སྣང། གཞན་གོ་བིན་ཙནྟྲའི། གྷོ་རེ་གྷོ་རེ་མང་གི། ཧ་མི་ཛ་ཀི་པྲ་ཏེས་མང་གི་ཟེར་བ་དང། ཁྱད་པར། ཛ་བརྟ་རི་གྷི་ཏ་པཏེ་བྷ་ཀྲུ་ཨ་ཏྲེ་པ་ཏར་ཧོ། ཨ་ཀས་གུ་པ་མ་གྲི་ཚ་ལི་ཚེ་སོགས་ཁོ་རང་སྐད་ཅི་འདྲར་སྨྲས་པས། དེར་འཚོགས་ཛོ་ཀི་ཐམས་ཅད་མཆི་མ་འབྱིན། ངེད་ཀྱི་མིང་ལ། མཧྣ་ཏ་པ་སི་ཏཱ་ར་གུ་རུ་བཏགས། ཁྱོད་ལུས་བོད། སེམས་རྒྱ་གར། ཀཡ