R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): a
[A:a]ས་དག། ཨངྨ་སིདྡྷ། ཕ་ལ་ཕ་ལ་ཟེར་ཞིང། སོ་སོ་བརྒྱ་ནི་དབུལ་བྱ་ཞིང། ཅེས་བཤད་པ་ཇི་ལྟ་བ་བཞིན་དུ། མར་མེ་བཅུ་གསུམ་བཅུ་གཉིས་ཚར་གཉིས་གཉིས་ཕྱོགས་བཞི་ལ་བསྒྲིགས་པའི་མཚམས་བཞིར་སྤྱི་ལས་ཆེ་བའི་མར་མེ་གཉིས་གཉིས་ཀྱི་ཕྲ་ཚོམས་བཀོད་པ། ཞལ་ཟས་དང་སྤོས་ཀྱང་རྣམ་གྲངས་དེ་ལྟར་དུ་བཀོད་པའི་མཐར། དངུལ་བཅད་གཙོ་བོར་གྱུར་པའི་བཟེད་ཞལ་ཉེར་ལྔས་མཐའ་བསྐོར་བའི་ནང་དུ། ཡོན་ཆབ་ཁ་བསྒྱུར་ནག་པོ་དཀྱིལ་ཆོག་གི་རྡུལ་ཚོན་སྐབས། དཀར་པོའི་དཀར་པོ་སོགས་ཉེར་ལྔ་བཤད་པ་པོ་སོར་ཁ་བསྒྱུར་ནས་བསྒྲིག་ལུགས། ལྗང་དམར་ནག་སེར་མཆིན་ལྕགས་ངུར། ཅེས་བདུན་ཚན་དུ་ཕྲེང་བསྒྲིགས་པའི་ཕྱོགས་བཞིར། རྒྱུད་ལས་བཤད་པའི་རཀྟའི་མཆོད་ཡོན་མཚོན་བྱེད། པདྨ་རཱ་གའི་མདོག་ཅན་བཞི། ཁ་དོག་དམར་པོའི་