[A:88]དམར་པོ་རྣམ་གྲངས་སུ་བཀོད། མཆོད་པ་རྣམས་སྔ་ཕྱིར་སྤོས། སྣོད་བཅད་བྱི་དོར་བྱེད་པའི་སྐབས། དངུལ་སྣོད་རྣམས་ལ་ཤོག་ཕྱིས་ཡང་ཡང་དུ་བྱས་པས། ཁོང་རྣམས་དངུལ་ཟད་དོགས་སེམས་ལས་ཆེ་བར་འདུག་པ་ལ། ཡོན་ཆབ་ཀྱི་ཁ་དོག་ལེགས་པོ་བྱུང་ན་བསམ་པ་མ་གཏོགས་དངུལ་ལ་ཕང་སེམས་ཏིལ་འབྲུ་ཙམ་ཡང་མ་སྐྱེས། མེ་ཏོག་རྩི་བཅུད་ལས་བསྒྲུབས་པ་མཚོན་བསྒྱུར་བྱས་པ་དང། དར་སྣ་ཚོགས་ལ་རྒྱལ་མཚན་གྱི་གཟུགས་སུ་བཅོས་པ། རྩ་རྒྱུད་ལས།
རྒྱལ་མཚན་དམར་དང་དེ་བཞིན་སེར༎
དཀར་དང་ནག་དང་སེར་སྐྱ་དང༎
ཅེས་པ་དང་མཐུན་པའི་ལྔ་ཕྱོགས་བཞིའི་དབུས་མ་བྱང་ཤར་དུ་བཀོད་པ་ཡང་རྒྱུད་ལས།
དེ་བཞིན་གོས་ནི་སྣ་ཚོགས་དང༎
མེ་ཏོག་ཕྲེང་བ་དུ་མ་དང༎
བླ་བྲེ་དག་དང་དར་དཔྱངས་པའི༎
མདའ་དང་ཡོལ་བ་ཤིན་ཏུ་མཛེས༎
ཅེས་པའི་དགོངས་པ། དཀྱིལ་འཁོར་གྱི་ཀ་བའི་མདུན་གྱི་བར་སྣང་ལ་པི་ཏ་ཧུའི་ཐག་པ་ལ་བརྟེན་པའི་གོས་དུ་མ་སྡང་འགེལ། མེ་ཏོག་ཕྲེང་བའི་མཚོན་དོན་ཆོལ་བའི་བསྒྲིགས་ཀྱི་རྟེན་མཐོངས་ཟུར་འགེམ༎ ཀྱིལ་vc: དཀྱིལའཁོར་གྱི་སྟེང་དུ་བླ་བྲེ། དར་དཔྱངས་ཀྱི་དོན་དུ་ཀ་རྒྱན་དང། དར་ཡུག་ལོངས་ཀྱི་ལྡ་ལྟི། སྦྱིན་སྲེག་གི་ཕྱག་ལེན་སྐབས་ལྟར་དཀྱིལ་འཁོར་གྱི་མཐར་མདའ་དྲ། དར་སུམ་སྦྲག་གི་ཡོལ་བ་རྣམས་རྒྱུད་མཆོད་དུ་ཉེ་བར་བཤམས། ལས་ཐམས་ཅད་པའི་དཔལ་ཆེན་པོའི་མཆོད་པ། ཚིལ་ཆེན་གྱིས་སྦགས་པའི་ག་བུར་གྱི་མར་མེ། ཤ་ཆེན་དྲི་ཚོན་ཙམ་བསྲེས་པའི་གུ་གུལ་རྐྱང་སྦྱོར་གྱི་རེང་བུ། ཤ་སྣ་ཚོགས་བག་ཕྱེ་དང་ལྷན་ཅིག་མར་ལ་བཅེས་པའི་ཛམ་བུ་ཏི་བའི་ཞལ་ཟས་ཀྱང་རྒྱུད་ཀྱི་བཤད་ཚོད་དང་མཐུན་པར་བཤམས་ཏེ། དབང་གི་མངོན་པར་རྟོགས་