[A:25]དབུ་རྩེའི་ཐད་དུ་སླེབ་ནས་ཀྱང་རྟ་མཐེན། ང་ལྟད་མོ་བལྟ་དགོས་པ་འདུག་བྱས་ཤིང། རྒྱུན་རིང་དུ་བསྡད་པས་ད་ལྟ་ཡང་གསལ་པོ་དྲན་གྱི་འདུག། བྱིས་པའི་དུས་ཡུལ་དུ་སྡོད་པའི་རིང་ལ། ཁྱེའུ་རྩེ་གྲོགས་མང་པོ་དང་བཅས་ཏེ་ཆོས་ཁྲི་བརྩིགས་པ་ལ་བསྡད་ནས། ཁོང་རྣམས་ཆོས་ཉན་གྱི་ཚུལ་དུ་བྱས། ངས་ཆོས་བཤད་པ་ཡིན། ཁྱེད་རྣམས་ཉོན་བྱས་པ་རྒྱུས་ཡོད་པའི་མི་ད་དུང་ཡང་ཡོད། དེ་དུས་ཀྱི་ཆོས་ཁྲི་ལའང་ཡུན་རིང་པོའི་བར་དུ་ང་རང་དུང་དཔུན་རྣམས་ཀྱིས་འཛིན་ཚུགས་བགྱིས། དེ་དག་གི་བར་སྐབས་རྣམས་སུ་ཡང་ཡང་གྲིབ་རྐྱེན་ལ་བརྟེན་པའི་ན་བ་གློ་བུར་བ་དུ་མས་གཙེས་པས་ཉེར་ལེན་གྱི་རྐྱེན་བྱས། ཡབ་ཡུམ་གྱིས་ཀྱང་ཆོས་སྒོར་འཇུག་པའི་མཐུན་རྐྱེན་ཡང་དག་པའི་བཀའ་དྲིན་སྩལ་ཏེ༎ ལོ་དེ་ཉིད་ལ་སྐྱབས་གསུམ་དང། ཕྱི་ལོ་ས་གའི་དུས་ཆེན་སྟེངས་སུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དྲུང་པ་ཆོས་རྗེ་ལས་ཐོབ། སྐབས་དེར་མདོ་སྡེ་སྐྱེས་རབས་ལས་ཀློག་ཐར་བྱས་པས། ཚིག་ཕལ་ཆེར་བློ་ལ་ཟིན་ནས། ཇ་གྲལ་ལ་བསྩོལ་མེད་དུ་བསྐྱར་བས། ན་ཚོད་ཕྲ་མོ་ལ་དེ་ལྟར་དུ་བྱུང་པས་ཡུམ་དགྱེས་པ་ཆེ་སྟེ་ཐམས་ཅད་མ་བུ་ཡོད་པ་མང་པོ་ཡོད་དེ། ངའི་བུ་འདི་འདྲ་ཡོད་པ་སུ་ལ་ཡང་མེད། མངལ་དུ་ཆགས་པ་ནས་དེང་སང་གི་བར་གྱི་དགེ་མཚན་འདི་རྣམས་ལ་བལྟས་ན་གཞན་དང་མི་མཉམ་པ་ཅིག་ཡོང་ངེས་པ་ཡིན་གསུང་བའང་དྲན། དེ་ལོ་ཙོག་གེའི་ནད་པ་མང་འདུག་པས། ཨ་མས་མིང་སྲིང་ཀུན་ལ་བསྲུང་སྐུད་མདོགས་ཀྱི་འདུག་པ་ལ། ང་རང་གི་དགོས་སྐལ་དེ་རྩེད་མོའི་རྣམ་པས་ཁ་ཕྱེ་སྟེ་བལྟས་པས། སྲན་མ་འབྲུ་དགུ་འདུག་པ་ཟོས་པས། དེ་ནུབ་མན་ཤིན་ཏུ་ན་བ་བྱུང་སྟེ། འཚོ་བྱེད་ཀྱི་འཕུལ་སྨན་སྟོབས་