R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 89
[A:89]པ་བདུན་དང་ལྡན་པའི་དཀྱིལ་འཁོར་སྒྲུབ་མཆོད་སྐབས་ཐོག་མཐའ་གཉིས་སུ་བར་ཆད་དང་ཆོ་གའི་ཉམས་ཆག་ཁ་བསྐང་བའི་ཞི་བའི་སྦྱིན་སྲེག། དཀྱིལ་འཁོར་ཞལ་འབྱེད་ལ་རྒྱས་པའི་སྦྱིན་སྲེག་རྣམས་མ་ཆད་པ། དགེ་འདུན་ཆས་སྟོན། གཞོན་ནུ་མའི་མཆོད་པ་སོགས་རེ་རེ་ནས་བགྱི་བར་འོས་པའི་ཆོ་ག་མ་ཉམས་པ། དཀྱིལ་འཁོར་དེ་ཉིད་དུ་ལོ་གྲངས་ཉེར་ལྔའི་ཚད་ཀྱི་བདག་འཇུག་བླངས་རྗེས་སྦྲེལ་ནས་སྣོད་ལྡན་དོན་གཉེར་ལོ་གྲངས་དང་མཉམ་པའི་རེ་བ་རྫོགས་པར་བསྐང་བའི་སྐབས་དེར༎ དཔལ་འབྱོར་གྱིས་ཀྱང་དུས་བཏབ་ཀྱི་སྟེངས་སུ་བཏོལ་བྱུང། དེ་ནས་ད་ལྟའི་བར་ལ་གཅིག་ཀྱང་མ་བྲལ་བར་ལྷན་དུ་འགྲོགས། དབང་གི་བྱ་བ་རྣམས་ལེགས་པར་གྲུབ་མཚམས། སྐྱེས་མདུན་དགོན་པར་ཡབ་ཆོས་ཀྱི་རྗེའི་དྲུང་དུ། ཕྱག་གསེར་སྲང་གི་མེ་ཏོག་འབུལ་དུ་རྐང་གཏད་ཕྱིན་པས། ཐུགས་ལྷག་པར་དགྱེས་པའི་བཀའ་བསྩལ་བསླབ་བྱ་དཔག་ཏུ་མེད་པ་གནང། ཁྱད་པར་སྔར་སྡོམ་གསུམ་ལ་དབྱར་གནས་རིང་བཤད་པ་མཐར་ཕྱིན་བློ་ལས་འདས་པ་བྱུང་བ། དེ་ཇི་ལྟ་བ་བཞིན་ཅིག་ན་ནིང་དབྱར་ཆོས་སྟེངས་རིག་གཏེར་མ་བྱས་ན་སྙམ་པའི་ཡིད་མ་ཁེངས་ཀྱང། ད་དུང་ན་ཚོད་གཞོན་ནུ་ཡིན་པས་ཕྱིས་ཀྱང་སེམས་ལ་ཞོག་གསུང་བ་ལ། བདག་གིས་བཤད་ཀྱང་ཆོས་ཉན་རྣམ་པས་འབྲུ་གཅིག་ཀྱང་མི་གོ་མཆིས་པ་ནས། སེམས་ལ་ཡང་ཕན་པར་འདུག་སྙམ་རྒྱལ་སྲས་ལམ་བཟང་ཚང་བར་བགྱིས་ལགས་ཞུས་པས། དེ་ལ་ལུང་ངན་མ་ཞིག་ལས་མ་བྱས་པར་དགོངས་བྱམས་གླིང་དུ་ཉི་ལྟར་ཆགས་འགྲོ་ཡི་འདུག་ཟེར་བ་ཐོས། བོས་ལས་ཁ་ཏ་འཇུག་སྙམ་ཀྱང། དྲུང་པ་ཆོས་རྗེ་པ་དེ་གཤེགས་པ་ནས་ཁྱོད་སེམས་སོ་ན་མི་འདུག་པས་མ་