[A:90]ནུས། ཡི་གེ་འདི་ལྟོས་པ་སྐྱར་གདུང་བརྒྱུད་དྲུང་དུ་རྐང་གཏད་འབུལ་རྒྱུའི་ཞུ་ཞིག་ཡིན། འཕགས་པའི་ཐུགས་དམ་རྡོ་རྗེ་རྣལ་འབྱོར་མའི་རྒྱ་ལྷ་འདི་དང། བརྒྱད་སྟོང་པའི་གསུམ་བདེ་ཉིད་གསེར་རྐྱང་མ་འདི་རྣམས་ཀྱང་འབུལ་རྒྱུ་ཡིན། ཁ་ཏའི་དངོས་གཞི་ཁྱོད་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཡོད་པས་ད་དུང་འཇམ་དབྱངས་ལོ་ཆེན་སྙོགས་ལ། དུས་འཁོར་གསང་འདུས། སྒྲ་སོགས་རིག་གནས་ལ་འབད་པ་རང་གལ་ཆེ་གསུང། དེ་མན་མཇལ་བ་མེད། ཕྱིས་བསམས་པས་ཞལ་ཆེམས་སུ་འདུག། དེ་ནས་སླར་ཆོས་འཕྲོ་ནག་པོ་གཞུང་དྲུག་ནག་འབུམ་དང་སྤེལ་བའི་བཤད་ལུང་རྒྱས་པ། བླ་ཆོས་མེད་པར་བགྱིས་ནས། ཟབ་བཤད་དུ་རྫོགས་རིམ་རིམ་པ་བཞི་བཟླས་པ་ཉིད་ལན་གསུམ་གྱིས་འཁོར་ལོ་སྐོར་ཏེ། གསང་བའི་དེ་ཁོ་ན་ཉིད་དུ་ཕ་རྒྱུད་འདུས་པའི་ལམ་ཐམས་ཅད་ཟབ་གསལ་དུ་བསྒྲིགས་ནས། ཤེས་བྱ་རྒྱུད་སོགས་སུ་འགྲེལ་ལུགས་དང། ཨོ་ལ་པ་ཏིར་གཉིས་མེད་དགྱེས་པ་རྡོ་རྗེའི་གནད་སྙིང་བོ་vc: པོའཁོར་འདས་དབྱེར་མེད་དུ་སྡོམས་ན་བཞི་ཚན་དུ་སྦྱར་བའི་བརྒྱུད་རིམས་སུ་སྟོན་ཚུལ། དཔྱིད་ཀྱི་ཐིག་ལེར་མ་རྒྱུད་བདེ་མཆོག་གི་གནས་མ་ལུས་པ། དཔྱིད་དང་ཐིག་ལེ་ཞམ་སྦྱོར་གྱི་སྲོག་རྩར་སྦྱར་ནས། རྒྱུད་རིམ་ཐོས་བསམ་དུ་གཏན་ལ་ཕབ། སྔགས་རིམ་འཁོར་ལོ་བཞི་ལྡན་སྒོམ་བྱར་སླངས། ཡེ་ཤེས་ཀྱི་རིམ་པ་ཉམས་མྱོང་སྐྱེས་པའི་འཆར་སྒོར་བཤད། གསང་རིམ་དངོས་ལྡན་དུས་རྣམ་པ་ཇི་ལྟར་བ་བཞིན་དུ་དགོངས་འདུག། དེར་སྤྱན་ཆབ་གཡོ་བཞིན་དུ་ཐུགས་དམ་གྱི་ངང་ནས་ཤུགས་འབྱུང་གི་གསོལ་འདེབས་འདྲ་མ་ཞིག་གནང་བའི་ངང་མ་ཉམས་དེ་བསད་འཕྲལ་སྐུ་འཁྲིས་ཀྱི་ཕྱག་ཕྱི་བ་ཀུན་ལ་གསུངས་འདུག། ཉི་ཚོད་སྐྱུར་བའི་དུས་