[A:91]ཙམ་ཡིན་པ་འདྲ། ངེད་རང་གི་རྩ་ན་ཡོད་པ་ཀུན་གྱིས་མིག་མཐུན་པར་བྱ་རྒོད་བཞི་སྟེང་གི་ཐད་ན་ལྡིང་བ་མཐོང་འདུག། དེ་འཕྲལ་རང་ལངས་ཕྱིན། དེ་ནུབ་དགོན་པར་སླེབ་མཚམས། ཁམས་ཤིན་དུ་དུབ་པ་ཤེས་པ་འུར་ལངས་པའི་ངང་ནས་ཁོང་རྣམས་སེམས་ཕྲལ་ལ་བཀོད་པའི་སྐབས། ངེད་རང་གིས་སྨྲས་པ་དྲན་ཚོད་ནི་མི་འདུག། ཕྱིས་ཁོད་རྣམས་སླེང་བ་ལ། ང་ཅི་ནས་ཀྱང་ལྡོད་འདོད་ན། བུ་མོ་གཙང་མ་བཞིས་གདིང་བའི་སྣེ་ཟུང་ལ། དབུས་སུ་ཤཱཀྱ་ཐུབ་པའི་སྐུ་གཅིག་ཞོག། བརྟན་བཞུགས་ཀྱིས། ཟོན་པ་དེ་གཉིས་དྲུང་པ་རང་བྱུང་བའི་བྲང་འོག་ཏུ་གནོན་ཟེར་བ་བཞིན་བྱས་པས། དེ་མ་ཐག་ཁམས་སོར་ཆུད། དཔུས་མགོ་གཡོན་པ་ལ་ཟུག་ཨེན་ཙམ་འདུག་པ། དེར་སྡོད་རིན་མ་ཆག་ཚུར་ལམ་སྔར་གྱི་བརྡབས་ས་རང་དུ། ཤི་སྐྱིད་ཀྱི་གཅེར་ཉལ་ཐུན་དམིགས་ཞིག་བྱས་པས་ཚེར་མ་བཏོན་པ་བཞིན་སོང། བླ་མ་རང་བྱུང་བ་དཔོན་སློབ་རྣམས་ལ་ནི་གུའི་བྱིན་རླབས་བཅུ་གསུམ་ཙམ་མགྱོགས་ཁྲིད་ལག་བཅངས་མས་མཚོན་པའི་ཐུགས་བཞེད་རྫོགས་པར་བྱས། སླར་མཐའ་དཀར་དུ་ཕྱིན་མཚམས། བུའི་མཆོག་བ་ལུང་སྙིང་རྗེ་ཅན་དང་མཇལ། ལམ་འབྲས་ནི་གུའི་སྐོར། དབང་བཀའ་བྱིན་རླབས་ཅི་བཞེད། གཞུང་སྤྱི་ཆིངས་རྩོམ་པ་མང་བ་ཡང་བྱས་ལྷུག་པར་ཕུལ། ལ་གསར་བར་སྐྱེལ་ཐུང་བྱས། དེ་ལོ་ཡང་བཀྲ་དུམ་དུ་ཕྱིན་ལམ་འབྲས་ན་ནིང་ལས་རྒྱས་པའི་མཐའ་ཆོད་སྐྱར་ཆོས་ཡོད་ཙམ། མཁས་བཙུན་དབོན་པོ་ཆོས་རྗེ་བློ་གྲོས་དབང་ཕྱུག་པས་གཙོ་མཛད། སྨན་ཁྲོ། སྤྲིན་ཆེན་སོགས་ནས་ཆོས་ཉན་ཁོ་ན་ལ་འདུས་པའི་ཚོགས་ལ་ཚར་བར་བྱས། དགུན་པདྨ་ཡུལ་དུ་ཕྱིན་མཚོ་ངུབས་ཀྱི་དབེན་གནས་སུ་བསྡད། དེར་བཞུགས་