R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 92
[A:92]ཀྱི་སྒྲུབ་ཆེན་འགའ་ལ་ནི་དགུ་vc: ནི་གུ?འི་མགྱོགས་ཁྲིད་ཞིག་བྱས་མཚམས། ཨ་ཕྱི་རྒན་མོ་མ་དང་དྲིན་མཉམ་པ་དེ་ན་ཚོད་ཀྱིས་གཏུགས་པའི་ངང་གིས་ལྔ་པའི་གནས་ལ་གཞོལ་བའི་མཚན་མ་བརྟན་པོ་ཤར་ནས། ཐོག་མར་སེམས་འཁྲིད་པའི་དངོས་པོ་སྦྱིན་པས་ཡིད་ཡང་ཡང་མགུ་བར་བྱས་རྗེས། མངོན་སུལ་ལས་མ་འདས་པའི་ཡིད་ཤེས་ཀྱི་བསྐུལ་བློ་བུར་དུ་མཚམས་ལ་ཧར་འདོན་བྱས་ཕྱིན་པས། དབུགས་སོང་ཙམ་ལ་སླེབ། དེ་དུས་སྤྱི་བོ་ལའང་དྲོད་འདུག། དེ་འཕྲལ་མི་འཁྲུགས་པའི་དབང་བསྐུར། རྗེས་ཀྱི་བྱ་བ་རུས་བུ་ཆོས་སྐུར་བསྒྲུབ་པ་སོགས་ཆ་ཙམ་གྱི་སེམས་ཚིམ་པའི་དགེ་རྩ་ཡང་གྲུབ་མོད། མ་འོངས་པའི་དུས་མཐར་འཁོར་གྱི་ཐོག་མ་རྒན་མོ་མ་མད་དེ་གཉིས་ལ་འཆོལ་སྙམ་ཡོད། མདོར་ན་སྔ་མི་བསྒགས་པ་ཅུང་ཟད་ལ་བརྟེན། ཕ་མ་རིགས་ལྡན་གྱི་ཆོས་ལ་སྦྱར། གཞོན་ནུ་ནས་གྲོང་པའི་དྲིས་མ་རེག་ཅིང། ཁྱིམ་པའི་ཀུན་སྤྱོད་པ་ཕལ་པ་ཕྲ་མོས་ཀྱང་མ་གོས། བྱིས་པའི་རྩེད་མོ་ཀུན་ཀྱང་སྦེ་སྐོར། བངས་འཕྱོངས་ཆུ་རྩེད་རྡོ་སྒོར་སོགས་ཕལ་པའི་ཀུན་སྤྱོད་གཅིག་ལག་ཏུ་མ་བླངས། དབང་བཀུར་ཆོས་འཆད་ཀྱི་རྣམ་པའི་བག་ཆགས་ཁོ་ནར་ཡོད། ཁྱད་པར་བཅུ་བདུན་ནས་ཉེར་བརྒྱད་བར་གྱི་ལོ་སྐོར་ཅིག་པོ་དེ་ལ་ཆོས་ཞུ། བསྙེན་བསྒྲུབ་ཀྱང་དུ་མ་ཡང་བགྱིས་མོད། གཙོ་བོར་ཐོས་པ་ཁོ་ན་རྟེན་པས་མི་ཤེས་པའི་མུན་པ་ལས་ཡོངས་སུ་གྲོལ་སྟེ། ད་ལྟ་དབང། ཟུར་བཀའ་རྣམ་པར་དག་པ་ཀ་ཡོད་ལ། ལྷད་མ་མཆིས་པར་རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བདུན་ཅུ་དོན་ལྔའི་དབང་ནམ་བསྐུར་དགོས་ཀྱང། དོན་སྤྱིའི་རྣམ་པས་གཅིག་འགྲོས་ཀུན་ལ་སྦྱར་བའི་སྟོང་ཟོབ་མིན། རེ་རེ་ནས་བསྟེན་པོས་རྒྱུད་འདི་ལ་བརྟེན། བོད་འགྱུར་