[A:95]བཟུང་བའི་དྲན་འདེབས། ཅིས་ཀྱང་དགོས་མེད། ཁ་ཞེ་མ་འཛོལ་བའི་ངེས་འབྱུང་བླ་ལྷག་བྱེ་འཕེལ་དེ་ཉིད་ལ་བརྟེན། རྨི་ལམ་གྱི་འཆར་སྒོ། རང་མྱོང་དང་འབྲེལ་བའི་བག་ཆགས་ཕལ་པ་མ་ཡིན་པའི་བློ་འདས་ཀྱི་སྣང་བ་མཁའ་འགྲོ་མའི་ཚོགས་གྲལ་དུ་ག་ཎ་ཙཀྲའི་པུ་ཛའི་དགའ་བ་ཉམས་སུ་མྱོང་བས། རྣལ་འབྱོར་མའི་ཞབས་དྲན་པའི་རྟེན་འབྲེལ་རྨད་བྱུང་དང། སྐབས་འགར་ཉིན་ལམ་བཞི་ལྔས་བར་ཆོད་པའི་ས། རང་གི་སློབ་མ་རང་འབྱུང་རྡོ་རྗེའི་ཆོས་སྟོན་གྱི་ཚོགས་མཆོད་སྐབས། དེར་འདུས་ཐམས་ཅད་ཀྱིས་གསལ་བར་མཐོང་བའི་སྤྲུལ་བསྒྱུར་གྱི་གསལ་སྣང་ཁྱད་པར་ཅན་མངོན་སུམ་གསལ་མཐོང། དགོན་པར་ལག་པ་གྲིས་ཕུག་པའི་རྨ་ཆེན་པོ་ཁྲག་རྒྱུན་མི་ཟད་པ་ཡོང་བ། དེ་ནུབ་རང་ལ་མི་དམིགས་པར། རྨེན་པའི་རྗེས་ཙམ་ཡང་མི་སྣང་བ། ལྷན་དུ་གནས་པའི་སྐྱེ་བོ་ཐམས་ཅད་ཀྱིས་མིག་ཤེས་ཀྱི་གཅེར་མཐོང་བསྙེན་མེད་དུ་གྱུར་པ། དེ་སྐབས་ནི་གུ་ཚོགས་འཁོར་གྱི་དུས་གཅིག་ཆོ་གའི་བྱ་བ་རྣམས་གྲུབ། དངོས་གཞི་ཚོགས་ལ་ལོངས་སྤྱོད་པའི་ཚེ། ཤེས་པ་འུར་ལངས་པའི་ལུས་སེམས་ཀྱི་འགྱུར་བ་ཆེན་པོའི་ཟིལ་དང་བཅས། མཁར་སྒོང་རྡོ་ཚད་བྲེ་ཕྱེད་ཙམ་བཟའ་བཅའ་ཀུན་ལ་གཏོར། དཔོན་སློབ་ཀུན་གྱིས་ལོངས་སྤྱད་པས་སོ་རྩེ་བ་སོགས་ཨ་འཐས་ཀྱི་མཚན་རྟོག་ཅི་ཡང་མེད་ཅིང། རྗེས་ཕོ་བ་ན་བ། རྡོའི་རང་ཚན་ཕྱིར་བྱུང་བ་སོགས་འགའ་ཡང་མེད་པ། ཚོགས་ཀྱི་འདུ་བ་དེ་ན་གནས་པའི་བསྐལ་བཟང་དམ་ཚིག་ཅན་དག་གི་རང་རྒྱུད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཕོས་པའི་ཡིད་ཆེས་དང་ལྷན་དུ། སྒྲིབ་མེད་དུ་རྟོགས་ཤིང། ཡང་དེ་སྐབས་ནུབ་ཅིག་ལྷག་གཏོར་ཕྱིར་དོར་བ་མ་བྱུང་བ་ནང་དུ་བཞག་པས། མཚན་ཕྱེད་