[A:98]དེ་ནས་མ་ཚད་བརྡབས་སོང་བས་དུམ་བུ་མང་པོར་སིལ་གྱིས་ཞིག་སོང། དེར་སྒྱུ་མའི་རང་མྱོང་ཆེན་པོ་བྱུང་བས་ཡིད་དྲངས། ཉིན་རངས་མིག་ལྟ་སྟངས་ལས་མ་གཡོས་པར་ཡོངས། ཁོང་རྣམས་མིག་ལ་གངས་ཕྱིད་བྱུང་དོགས་གཡག་རྔ་དཀྲིས། གཟབས་ནས་ཡོང་གིན་འདུག། གནས་ཆེན་ཆུ་མིག་བརྒྱ་རྩར་སླེབ། ཁྲུས་ཀྱི་རྫིང་བུ་དེར་དཔོན་སློབ་ཀུན་གྱིས་ཁྲུས་བྱས་པས་གྲང་བའི་རེག་བྱས་རྐྱེན་བྱས། ཤེས་པ་འུར་ལངས་པའི་མྱོང་བ་དེ་དང་མཚམས། སྔར་སྦབ་བྱུང་བའི་ལོ་རྒྱུས་མཁར་ཆེ་ཆེ་ཟེར་ད་དུང་འཇིགས་འཇིགས་འདུག། འགའ་རེ་སྦབ་དེ་ཐུགས་དམ་གྱི་སྐྱོབས་བྱུང་སྟེ། དོ་ནུབ་སྤྱན་ལ་བལྟ་རྒྱུ་ཡོང་བ་མེད། ཟུར་ནས་བལྟས་ཙ་ན་ཁྲོ་བོ་ལྟ་སྟངས་ལས་སྐད་ཅིག་མི་འགྱུར་འདུག། བཙུམས་ན་ཞུ་སྙམ་ནའང་ཐུགས་ཧུར་ཕྱུངས་འདུག་པས་ཞུ་མ་སྤོབས་ཟེར། རྩབ་རྩབ་བྱེད་ཅིང་ཇ་དུད་སོགས་ཀྱིའང་སྤྱན་ལ་གནོད་ཅེས་ཤ་ཚའི་ཉེ་གདུངས་རང་འདུག་ངས་ཁྱེད་རང་གཟོབས། ང་སྒྱུ་མའི་རྣལ་འབྱོར་པ་མིག་ཐོན་ཀྱང་སླ་སྒྱུ་མ་ཡིན། ཞར་ཀྱང་རྨི་ལམ་ཡིན། འོང་ཡང་ལས་སྣང་ཡིན་ཨའུ་རྩི་བྱས། དོ་ནུབ་ཁྱེད་རང་འདིར་ཉོལ། ངེད་པ་དམིགས་འདུག་པས་ནགས་ཁྲོད་ཡ་གིར་ཅོག་བུ་ཁྱེར་བྱས། གཅིག་པུར་བསྡད་ནས་དགེ་སྦྱོར་དང་སེམས་འདྲེས་པའི་ཐུན་རིང་བ་ཞིག་བཏང་ནས་ཉལ་བསྡད། ཆོ་འཕྲུལ་གྱི་ཀློངས་བློ་འདས་བྱུང། དེའི་ཟིལ་འཁོར་རྣམས་ལའང་ཕེབས། ཕྱིར་འགྲོ་ལ་མི་གསུམ་གསུམ་སྡེབས་ནས་ཀྱང་འགྲོ་མི་ནུས་པའི་འཇིགས་སྣང་བརྗོད་འདས་བྱུང་འདུག། སྔ་དྲོ་ཉི་ཤར་ཙམ་ལ་ངའི་རྩར་མི་རེ་ཡོང་གིན་ཡོད་པ་ལ། སུ་ཡང་མ་བྱུང། ཅི་ཟེར་ཇ་མོ་ཡང་མི་གཏོང་ཡོད་དམ་སྙམ་བལྟས་པས་རྣམ་པའང་མི་འདུག་པས་ཁོ་ཚོའི་རྩར་ཕྱིན་