[A:100]བསྒོམ་ཆེན་གྱི་མཆོད་པོ་འདྲ་བའི་ཆུ་ལ་ཆ་བཞག། མཚན་ཉིད་པ་སྐམ་པོ་ལ་རེ་བ་མེད། གཅིག་མིག་གཅིག་ལ་ཧུར་ཧུར་སྒྱུ་མའི་སྐྱེས་བུ་ནང་འཚོགས་སྨྲ་བསམ་བརྗོད་མེད་ཀྱི་ལྟད་མོ་ཆེན་པོ་མཐོང། དུས་དེར་བླ་བྲང་རྒྱབ་ཀྱི་བསྐྱེད་ཚལ་ན། རི་བ་ཀུན་རྒྱལ་བ་ཆོས་རྗེ་རིན་པོ་ཆེའི་དྲུང་འདུལ་བའི་ལུང་གསན་ས་ལ་སྤྱན་དྲངས་འདུག་པས། ཁོང་ས་འབྲུག་པའི་བུ་ཆེན་ཡིན་ཟེར་བས། ཆོས་འདྲའི་རྩད་གཅོད་ལ་ཕྱིན་པས། ངེད་རང་ཕན་ཚུན་མཇལ་བ་ཙམ་གྱིས་སྔར་འདྲིས་ཀྱི་མཛའ་བོ་ལྟར་ཐུགས་དག་སྣང་ཁྱད་པར་ཅན་སྐྱེས། འདི་ལྟར་སྐུ་གཞོན་ནུ་ལ་མཁྱེན་རབ་མཐར་ཕྱིན། སྔོན་གྱི་སྨོན་ལམ་འབད་མེད་དུ་བསད། སྒྲུབ་པ་ཉམས་ལེན་ལ་ཐུགས་གཞོལ་བ་འདི་ངེད་སྒྲུབ་རྒྱུད་པའི་སལ་དུ་འདུག་གསུང་ཐུགས་དགྱེས་དགྱེས་གནང་ཞིང། འབྲུག་པ་དབོན་རིན་པོ་ཆེའི་སྙན་པ་ཁྱད་པར་ཅན་དོན་དང་འབྲེལ་བ་ལྷུག་པར་བསྩལ། བདག་རྒྱལ་དབང་བདག་རྡོ་རྗེ་སེམས་དཔའི་ཞལ་ལུང་གཉིས་ཀའི་དཔེ་མཐོང་བས། དེ་གནང་དགོས་ཚུལ་ནན་བསྐྱེད་ཕུལ་ཀྱང་སྟབས་བདེའི་དགོངས་པ་མ་ལོན། གྲོགས་པོ་རྣམ་པ་ཡང་སྙུགས་བུད་དོགས་ཞག་བཅུ་ལས་མ་བསྡད་ནའང་ཆོས་ཡོན་གསེར་གྱི་མཎྜལ་སོགས་འབུལ་བ་སོགས་སྒོ་དུ་མས་བསྙེས་པ་བསྒྲུབས་རྗེས་རྒྱུན་བཞེས་ཀྱི་དབུ་ཞྭ་གོས་ཆེན་ལ་བཅོས་པའི་སྐུ་དྲེགས་ཆགས་པ་བྱིན་རླབས་རྟེན་གྱི་གནང་སྦྱིན་ཆིབས་སྐྱེལ་དང་བཅས་ལྗངས་སུ་སླེབ་ནས་དཔོན་སློབ། ལྷན་དུ་ཇོ་མཇལ་ལ་ཕྱིན་པས། ས་གའི་བཅུ་བཞི་ལ་ལྷ་སར་སླེབས། བཅོ་ལྔའི་དུས་ཁྱད་པར་ཅན་གྱི་ཉི་ཚེ་ལ་ཇོ་བོ་རིན་པོ་ཆེ་དང་མཇལ་བས། སྔར་རྨི་ལམ་གཟུང་མཇལ་དུས་ཀྱི་གསལ་དྭངས་དེ་མེད་པར། འགར་འགར་རྡེས་རྡེས་རང་གི་མཐོང་སྣང་