[A:101]གཏན་ཡིད་མི་ཆེས་པའི་སྐྱོ་བ་སློང་བ་འདྲ་བ་ཞིག་བྱུང་བས་དེ་འཕྲལ་རང་ལོག་ཡར་ལམ་ཐམས་ཅད་མཁྱེན་པ་དང་མཇལ་བཀའ་གད་ནོར་བུའི་ཕྲེང་བའི་རྩ་ལུང་ཆོས་འབྲེལ་དུ་ཞུས། དོ་ནུབ་ཀྱང་ཆིབས་སྐྱེལ་གནང་ནས་སྙེ་ཐང་དུ་སླེབ། ཇོ་བོའི་རྟེན་རྣམས་ལ་ཕྱག་མཆོད་སྨོན་ལམ་བཏབ། དེ་ནས་ཡོལ་རིན་ཆེན་གླིང་གི་གོང་ཐོགས་ཆེན་རྩེར་ཀརྨ་ཕྲིན་ལས་བ་vc: པལ་སྐུ་གསུམ་ངོ་སྤྲོད་ཐོབ། སླར་གཙང་དུ་ལོག་ནས་རེ་ཞིག་དཀར་པོ་བྲག་ཏུ་བསྡད་མཚམས་དབྱར་སྨད་གཞིས་ཀ་རིན་སྤུངས་སུ་ཕ་རིན་པོ་ཆེ་ཧྲཻ་བོའི་དྲུང་དུ་བསྙེགས། སྦྲུལ་ལོ་ཟླ་བ་བདུན་པའི་ཉེར་བརྒྱད་ལ་མཇལ། དེ་ཉིན་ནས་དབུ་བཙུགས་ཟླ་བ་ཕྱི་མའི་ཉེར་བདུན་བར་ལ་ཨོ་རྒྱན་བསྙེན་སྒྲུབ་ཀྱི་དམིགས་པ་ཉིན་རེ་བཞིན་མ་ཆད་པ་ཞིབ་པར་སྩལ། ཁྲིད་ཡིག་གི་ལུང་གསུང་མ་འདྲིས་པས་སུས་མཛད་ཀྱི་ངེས་པ་ཆེར་མ་རྙེད། ཟླ་སེང་པས་མཛད་པའི་ལུགས་བྱས། སྔར་ལམ་ཡིག་ཏུ་བཀོད་ཀྱང། ཕྱིས་མཐོང་སྨོན་དུ་མཇལ་དུས་དངོས་སུ་ཞུས་པས་ཆོས་རྗེ་རང་འབྱུང་པའི་ཁྲིད་ཡིག་ཡིན་གསུང་བའི་བཀའ་བསྩལ་ཕེབས། བསྙེན་སྒྲུབ་གྲོལ་མཚམས་མཆེད་གྲོགས་རྣམས་དང་ལྷན་ཅིག་བྱ་བཏང་ཟང་མའི་ཀུན་སྤྱོད་རྟན། དབུས་ལ་ཕ་རིན་པོ་ཆེའི་ཕྱག་ཕྱིར་འགྲོ་བར་བློ་ཐག་བཅད། ངེད་རང་གི་རྒྱུན་གྱི་གྲྭ་པ་རྣམས་གཙང་ཕྱོགས་ལ་ཀློག། དེ་སྐབས་རྭ་ལྔ་རྩེར་བླ་མ་རིན་པོ་ཆེ་ཕྲ་རི་བ་ལ་སྒྲོལ་དཀར་སྒམ་པོ་ལུགས། ཛཾ་ལ་དམར་པོའི་སྲོག་བསྒྲུབ་གཉིས་ཀྱི་རྗེས་གནང་ཡིག་ལུང་ཚང་བར་ཞུས། སྦྱོར་དྲུག་གི་བཞུགས་ཤིན་ཏུ་ཆེ་བ་འདུག་པས་སེམས་དྲང་ཁྱད་པར་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཉེ་བརྒྱུད་དེ་ལ་ཞེད་ཆེ་བར་ཡོད་པས། ནན་བསྐྱེད་གསོལ་བ་བཏབ་པས། ཟབ་ལམ་དུ་ལུང་