[A:104]པོར་འཕྱོས་པ། བཟང་པོར་སེམས་དཔའ་འགའ་ལས། དད་པ་ཅན་གྱི་སོ་སོ་སྐྱེ་བོ་གྲྭ་མ་ཉམས་པ་ཞིག་སྐལ་བ་མཆོག་ཏུ་གྱུར་པའོ༎
ཅེས་པ་སྨྲ་བ་འདི་ཉིད་ཟོལ་ལམ་གཅམ་བུ་མ་ཡིན་ཏེ། གནས་དོན་ཡང་དག་པའི་དཔང་པོར་སྒྲིབ་མེད་ཀྱི་སྤྱན་ལྡན་མ་ལུས་པ་བཞུགས་ཤིང།
མདོར་ན་ཡོངས་འཛིན་དེ་དང་དེའི༎
ཁྱད་པར་སློབ་མ་དག་གིས་འབྱེད།
སེང་གེའི་ཕྲུ་གུ་ཕ་ཉིད་ཀྱིས༎
རིགས་སུ་ཉེ་བར་མཚོན་པ་བཞིན༎
ཞེས་པའི་དོན་དང་ལྡན་པའི་གནས་བརྫུན་མེད་མངོན་སུམ་གྱིས་གསལ་བ་ལ། མ་རུངས་པའི་ཡིད་ཅན་དག་གིས་བསྙོན་བཏགས་རྒྱུ་ཅི་ཡོད། དེ་ལྟར་ངོ་སྤྲོད་ཞུ་བའི་ཆིག་བསྒྲིལ་དེ་ལ་ཞག་བཅུ་གསུམ་དབེན་པ་བསྟེན་ནས་སླར་ཡང་དཔལ་མཚུར་ཕུའི་གཙུག་ལག་ཁང་ཆེན་པོ་ཉིད་དུ། དད་འདུས་ཀྱི་སྐྱེ་བོ་དུ་མ་ལ། རས་ཆོས་གནང་བའི་སྐབས་དེར་བདག་ཅག་ཉུང་ཤས་ཅིག་ལ་ཇོ་མོ་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་དུ་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་འཇུག་པ་དང་འབྲེལ་བའི་རིག་པའི་དབང་ལྔ། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སླད་དུ་བུམ་པ། གསང་བ། ཤེས་རབ་ཡེ་ཤེས། འཇིག་རྟེན་པའི་དབང་བཞི་པ་རྣམས་གྲོལ་ལམ་ལྟར་བསྐུལ་ནས། ཡེ་ཤེས་ཀྱི་ཚོགས་ཀྱི་སླད་དུ་འཇིག་རྟེན་ལས་འདས་པའི་བཞི་པ། གཅེར་མཐོང་དུ་སྟོན་པ་ཡེ་ཤེས་རྡོ་རྗེའི་དབང་གི་ཆོས་སྒོ་ཕྱེ་བའི། ཕྱི་ནས་མཎྜལ་དང་ཡིག་བརྒྱའི་ཁྲིད་ཀྱིས་བསགས་སྦྱངས་ཚུལ་བཞིན་དུ་བགྱིས་ཏེ། གཏུམ་མོའི་མེ་དམིགས་ནས་ཁྲིད་མཛད་པ་ན། དམིགས་པ་ཀུན་ཀྱང་རྣམ་པར་མི་རྟོག་པ་དང་གཅིག། རྣམ་པ་ཐམས་ཅད་པ་དང་གཉིས། ལྷན་ཅིག་སྐྱེས་པ་དང་གསུམ་ཉིད་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཚན་མ་མེད་པའི་རྫོགས་རིམ་ཉིད་ཀྱི་ངོ་བོར་གྱུར་པའི། ནཱ་རོ་ཆོས་དྲུག་གི་