[A:108]སྣང་རྗེས་སུ་ཡི་རང་གི་ཁྲིད་ཀྱི་བར། ཆོས་ཀྱི་སྒོ་མ་ཚང་བ་མེད་པའི་རྒྱས་པ་རྣམས་ལ་རྒྱུད་སྡེ་ལྔའི་སྤྱི་བཀའ་དང་དགོས་བཀའ་སོ་སོ། བརྒྱུད་པ་ཐ་དད་ལས་བྱོན་ཏེ་ཁྱུང་པོ་རྣལ་འབྱོར་ལ་བཀའ་བབས་པའི་དབང་རྒྱུན་མ་ཆད་པ། ཁྱད་པར་མཁའ་འགྲོ་ནི་གུའི་གསང་ཆོས་རྒྱུད་སྡེ་ལྔ་གཙོ་བསྡུས་ལུས་དཀྱིལ། བདེ་མཆོག་ལྷ་ལྔ། དབང་བཞི་ལུས་སྒྲིགས། ཡིག་བདུན་བྱིན་རླབས། བདེ་མཆོག་གསང་སྒྲུབ། གའུ་མ་དཀར་དམར་མཐིང་གསུམ་སོ་སོའི་བྱིན་རླབས། དགྱེས་རྡོར་ཐོད་པ་ཅན། མཚོན་ཆ་ཅན། ལྷ་དགུ། ལྷ་བཅུ་གསུམ་གྱི་བྱིན་རླབས་ཐ་དད། བཀའ་དྲུག་ཏུ་མ་འདུས་པའི་ཞར་བྱུང་བླ་མའི་གཏུམ་མོ་མེ་དབང། སྒྱུ་ལུས་སྣང་སེམས་བཙན་ཐབས་སུ་ངོ་སྤྲོད་པའི་བྱིན་རླབས། རྣམ་འཇོམས། ཆང་མཆོད། སྨོན་ལམ། བཀྲ་ཤིས་བཀའ་རྒྱ་མ་རྣམས་ཀྱི་བྱིན་རླབས་མཐའ་དག། ལུས་འཆི་མེད། རྗེ་སྒམ་པོ་བས་བླ་མ་རྨོག་ཅོག་པ་ལ་གདམས་པའི་རྗེས་གནང། རིགས་གཏད་དཀར་དམར། རྟ་མགྲིན་གསང་སྒྲུབ། རླུང་ཤིང་རྟ་ཅན། བུམ་པ་ཅན། ཕྱག་རྒྱ་བཅིངས་གྲོལ། དམིགས་པ་རིན་ཆེན་སྒྲོམ་བུ། མགོན་བཀའ་མི་འདྲ་བ་སུམ་ཅུ་སོ་གསུམ་སོགས་མདོར་ན་དབང་བཀའ་དྲུག་ཅུ་རེ་བརྒྱད་ཙམ་དང། སྤྱི་ཉེ་བར་བསྡུས་པའི་འབྲིང་པོ་ལ་བྱིན་རླབས་ཁོག་ཕུགས་ཀྱི་བཀའ་གཉིས། གཞུང་ཤིང་བཀའ་བརྒྱད། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ། མགོན་པོ་བཀའ་ལྔ་སྟེ་དབང་བཀའ་ཉེར་ལྔར་མཛད་པའི་སྲོལ་དང། གནད་ཉེ་བར་བསྒྲིམ་པའི་བསྡུས་པ་ལ། ཆོས་དྲུག་བཀའ་དྲུག་དང་འབྲེལ་བའི་དབང་གདམས་པ་ཟུང་སྦྱོར་གྱི་ཕྱག་བཞེས་དོན་མཐིལ་དུ་བསྟན་པའི་ཤིན་དུ་བསྡུས་པ་ལ། སྒྱུ་ལུས་དབང་མོ་ཆེ་