[A:107]སྲང། ཤ་ར་གྲུ་ཁ་ནས་ཕྱིན་གསེར་མདོག་ཅན་ལ་བཏང། ངེད་དཔོན་སློབ་ལྔས་ཆུ་བྱང་ལམ་བསྲངས་ཕྱིན་པས། འུ་ཡུག་དགོན་པ་དཀར་པོ་ན་བླ་མ་རིན་པོ་ཆེ་ཕྲ་རི་བ་བཞུགས་པའི་དྲུང་དུ་སླེབ། ཞག་གཉིས་ངལ་གསོ་བསྟེན། རྭ་ལྔ་རྩེར་ཞུས་པའི་སྒྲོལ་དཀར་གྱི་ཚེ་ཁྲིད། ཀརྨ་པ་རོལ་པའི་རྡོ་རྗེའི་ཟབ་ཁྲིད་དེ་ཉིད་དང། རྩ་རི་ཞིང་སྐྱོང་གི་རྗེས་གནང། དཔའ་དབོ་རྣམ་པར་རོལ་པའི་ལུང། ལྷ་མོ་འོད་ཟེར་ཅན་གྱི་ལམ་བསྲུངས་རྣམས་ཞུས་ནས་འུ་ཡུག་གི་ཕུའི་ལ་རྒལ། རབ་བརྟན་ཆོས་ལུང་དུ་སླེབས་པས། དེ་ནུབ་མན་འབྲུམ་བུས་བཏབ། ལམ་གྱི་བབས་དང། ལ་བརྒལ་ཆུ་ཐོན་གྱི་སྟབས་ཤིན་ཏུ་སྡུག་པར་བྱུང་ཡང། ཆོས་ཟབ་པོ་ཉན་པའི་ལས་ཀྱི་ཀློང་ཡིན་སྙམ་བློས་ལོངས་ཤིང། བསགས་སྦྱངས་ལ་བོགས་ཆེ་བར་བྱུང། དེར་ན་བ་ཡར་བསོའི་སྐབས་ནས་རྒྱ་སྒོམ་རི་ཁྲོད་པ་ཆེན་པོ་སྤྱན་དྲངས། ཐོག་མར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞུས་ཤིང། དེ་མཚམས་ཤངས་པའི་ཚོགས་ཆོས་སྔོན་འགྲོ་མི་རྟག་སྐྱོ་ཤས་ཀྱི་ཉམས་ཁྲིད་ཆེན་མོ་བསྩལ་ནས། རྩ་བའི་ཆོས་དྲུག། བཀའ་དྲུག་དང་དམིགས་པ་སྤེལ་བའི་མྱོང་ཁྲིད། སྡོང་པོ་ཕྱག་ཆེན་ཁའུ་མའི་དོན་ཁྲིད་དབང་དང་འབྲེལ་བ། ལམ་འཁྱེར་གྱི་འཇུག་སྒོའི་བྱིན་རླབས་སོ་སོར་ཞུས་ནས། བླ་མ། ཡི་དམ། དུག་ལྔ་ལམ་འཁྱེར་དམིགས་ཁྲིད། མཁའ་སྤྱོད་དཀར་དམར་བྱིན་རླབས་དང་འབྲེལ་བར་ལྟ་ཁྲིད། སེམས་འཆུག་གཉིས་ཀྱི་གནད་བསྡུས་ངོ་སྤྲོད་ཀྱི་ཁྲིད་སོ་སོ། མཁའ་འགྲོ་སུ་ཁ་མ་ནས་བརྒྱུད་པའི་བདག་མེད་མའི་ནང་ཁྲིད། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། གཟེར་ལྔ་གནད་སྡེམས་ལྷན་ཅིག་པའི་ཉམས་ཁྲིད། མགོན་པོ་སྙིང་ཞུགས་ཀྱི་དམིགས་ཁྲིད། མཐར་དག་