R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 110
[A:110]བཤངས་པའི་གནས་རྣམས་མཇལ། བརྟག་པའི་ལུང་བསྟན་ལ་ཡིད་ཆེས་བརྟན་པོ་བྱུང་བས་རིན་པོ་ཆེ་ལྕགས་པོ་བརྩེ་པ་དང་ཡང་མཇལ། གྲུབ་རྒྱལ་མའི་ཚེ་དབང། མགོན་པོ་རྒྱན་གྱི་སྐོར། དུར་ཁྲོད་ལམ་ཁྱེར། ཆོས་དྲུག་དང་གའུ་མའི་རྡོ་རྗེའི་ཚིག་རྐང་གི་ལུང་ཙམ་ཞུས། ཞོང་ཤོང་མའི་ཤར་གྱི་གནས་མཇལ་གྲུབ་རྗེས། དཀར་པོ་བྲག་གི་དབེན་གནས་དམ་པར། མོས་ལྡན་སངས་རྒྱས་རིན་ཆེན་པས་གཙོ་མཛད་དགེ་འདུན་ཀུན་གྱིས་དཔེ་མེད་པའི་བརྩེ་བས་བསྐྱངས། ཞག་འགའ་ངལ་གསོས། འདོད་ཆོས་རེ་བ་རྫོགས་པར་བྱིན་པའི་སྐབས་དེར་སྟག་ལུང་སྣ་དཀར་ནས། བུའི་མཆོག་ཐོགས་མེད་གསུམ་པས་འབོད་མི་རྐང་བཙུགས་གནང་བྱུང་བས་སྣ་དཀར་ལ་འགྲིམས། སླར་དཀར་བྲག་གི་ཡང་དབེན་དེར་ཟླ་བ་འགའ་བསྡད་པས། ན་བའི་གཞུག་ལུས་ཀྱིས་ལྷག་པར་སྣར་ཞིང། དགོས་མེད་ཀྱི་ཆོས་འཆད་ཉིན་མཚན་རྒྱུན་མི་འཆད་པ་དེས་ཤིན་ཏུ་སྦྱོང་བར་བྱུང། དེ་ནས་ཆོས་རྗེ་རིན་པོ་ཆེ་ལྕང་ར་བའི་དྲུང་དུ། པཎ་ཆེན་རིན་པོ་ཆེའི་རྣམ་ཐར་ཉིད་ཀྱིས་མཛད་པ་དེའི་ལུང་ཆོས་འབྲེལ་དུ་ཞུས་ནས། སྟག་ལུང་སྣ་དཀར་དུ་ཟླ་བ་གཅིག་གི་བར་ལ་རྒྱལ་སྲས་ཁྲིད་དྲུག་དང་འབྲེལ་བར། སེམས་དཔའ་ཆེན་པོ་དངུལ་ཆུ་ཆོས་རྫོང་པའི་བཀའ་འབུམ་ཐོར་བུ་བའི་བཤད་ལུང་ཞིབ་པ། དབུ་སེམས་ཀྱི་སེམས་བསྐྱེད་ལུགས་གཉིས། སྔར་དྲུང་ནས་རིན་པོ་ཆེའི་དྲུང་དུ་ནོས་པའི་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་རྣམས་ཚོགས་པ་ལ་སྤྱི་ཆོས་སུ་བྱས། ཆོས་རྗེ་ཉིད་ཀྱི་གཙོ་མཛད་ལ་དགོས་ཆོས་ཟབ་དགུ་ལྷུག་པར་ཕུལ། གནས་འདིར་ལན་མང་དུ་ངལ་བསོས་པས་ཡིད་བདེ་འཕེལ་བའི་སོས་དུལ་བློ་ཆགས་བྱུང་ཞིང། རང་ཡུལ་གྱི་བླ་