[A:111]ཆེན་སོངས་པ་སྐུ་མཆེད་འབྲི་ཁུང་ཆོས་སྡེ་སོགས་ཀྱི་ཆོས་ལུགས་རྒྱུན་ཆད་པ་གསོ་བའི་མདུན་པས། བྱ་བཏང་ཆེན་པོ་ཆོས་ཀྱི་གྲགས་པ་ལས། དགོངས་གཅིག་པོད་ལུང། ལྔ་ལྡན་ནོར་བུའི་ཕྲེང་བ་ཁྲིད་ཉན་ནས་རྗེ་རིན་པོ་ཆེ་ཆོས་ལུང་པ་ལ་གདམས་པ་ཟབ་མོ་ནོར་བུ་མཐོང་གྲོལ་གྱི་མ་བཞི་བུ་བཅུ་བདུན་ཚང་པར་ནོས་མཚམས། སྔར་གསེར་མདོག་ཅན་ནས་རྟེན་འབྲེལ་གྱི་སྒྲིག་ཕྱོགས་དབུ་བཙུགས་ཏེ་བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་དྲུང་དུ། ཞེ་ལ་དུས་ཀྱི་འཁོར་ལོ་སྐྱེས་རགས་དོན་གྲུབ་རྣམ་པར་དག་པར་བཤད་པས། འདི་དང་ཕྱི་མ་བྱང་ཆུབ་སྙིང་པོ་ལ་མཐར་ཐུག་པའི་བར་ཕྱི་ནང་གཞན་གསུམ་གྱི་ཕན་བདེ་མ་ལུས་པའི་རྩ་ལག་དངོས་གྲུབ་ཐམས་ཅད་ཀྱི་རེ་གནས་སུ་གྱུར་པའི་མཆོག་གི་རྡོ་རྗེ་སློབ་དཔོན། ཡིད་ཀྱི་འཇུག་ཡུལ་གཅིག་ཏུ་གཏོད་པ་ཞིག་ཞུ་བསམ་པ་བྱས། འཕྲལ་ཞུ་ཡིག་ནང་དུ། དཔལ་མི་ཕམ་མགོན་འཇིག་རྟེན་མིག་འབྱེད་ཞ་ལུ་ལོ་ཙཱ་བའི་བཀའ་དམ་ཚིག་གཉན་པོའི་རྭ་བ་ལས་མི་འདའ་བ། བདག་ཅག་རྨོངས་པའི་སྣང་ངོར་སངས་རྒྱས་བསྟན་པའི་རྒྱུན་ལ་དགོངས་པ་གཅིག་གི་ཁྲེལ་ཡོད་ཀྱི་མཚོན་བྱེད་དང་སྐུ་རགས་འདི་འབུལ་ཅེས། དུས་འཁོར་གྱི་དབང་རྒྱུད་མན་ངག་ཞུ་བའི་སྙན་གསན་འབེབས་པ་ལ་སྨན་སྡིངས་རི་བོ་རྒྱས་པའི་མགུལ་དེར། མིང་བཀྲ་བཟང་བར་འདུག་པས་ཀུན་དགའ་དཔལ་དབང་གྲོགས་མཆེད་པ་བརྫངས་པས། དུས་གསུམ་ལ་ཆགས་ཐོགས་མི་མངའ་བའི་ཡེ་ཤེས་ཀྱི་གཟིགས་པ་མཁའ་ཁྱབ་ཀྱི་ངང་ནས་བཀའི་ཅོད་པན་ཐོག་མར་ཕེབས་པའི་ཚིགས་བཅད་ནང་ན། རྗེས་དོན་གྲུབ་རང་བཞིན་སྐྱེད་རགས་བསྩལ། ཅེས་བསམ་པའི་གནས་དགོངས་པའི་འཚང་ཡུལ་ནས་བཏོན། གནང་སྦྱིན་