[A:༩༠]བརྒྱུད་དེ་འོངས་པ་དང༌། དེ་ལས་གཞན་པ་གཉིས་སུ་མེད་པའི་རྒྱུད་དཔལ་མགོན་པོ་མངོན་པར་འབྱུང་བའི་རྒྱུད་དང༌། གསང་སྔགས་ཀྱི་སྤྱོད་པ་རྒྱ་མཚོའི་མཆོག་ཏུ་གྱུར་པའི་འགྲེལ་པ། མཚན་ཡང་དག་པར་བརྗོད་པ་རྣམས་གསན་ཅིང་མངོན་དུ་མཛད་པ་ལས། རྒྱུད་འདིའི་རྣམ་པར་བཤད་པ་ལ་མཚན་བརྗོད་འགྲེལ་ཆེན་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་དང༌། དེ་ཉིད་ཀྱིས་མཛད་པའི་པཉྩི་ཀ་ཊཱི་ཀ་ཞེས་བྱ་བ་སྒེག་པའི་རྡོ་རྗེས་མཛད་པའི་འགྲེལ་པ་བར་པ་ཞེས་གྲགས་པ་དང༌། དེ་ཉིད་ཀྱིས་མཛད་པ་གསང་བ་དང་ལྡན་པ་ཞེས་བྱ་བའི་སྒྲུབ་ཐབས་དང༌། དེའི་རྒྱུད་ལ་ཟླ་བཟང་དཔལ་གྱིས་མཛད་པའི་འགྲེལ་པ་དང༌། རྣམ་པར་རྟོག་གེ་ཞེས་བྱ་བའི་འགྲེལ་པ་སྟེ་དེ་དག་ཐམས་ཅད་ཡན་ལག་ཕྲ་མོ་དང་བཅས་པ་དུ་མ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ། །མཚན་ཡང་དག་པར་བརྗོད་པ་རྩ་བ་དང་འགྲེལ་པ་དང་བཅས་པ་ཁའུ་པ་དང་དེ་ཉིད་ཀྱི་སྐུ་མཆེད་ལས་འོངས་པ་ཡིན་ནོ། །ཡང་རྗེ་བཙུན་རིན་པོ་ཆེ་དེ་ཉིད་ལས་དཔལ་ལྡན་གསང་བ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་གསན་པ་ནི་དཔལ་གསང་བ་འདུས་པ་རྩ་རྒྱུད་དང༌། རྒྱུ་ཕྱི་མ་ལེའུ་བཅོ་བརྒྱད་པ་ལས་བཤད་པའི་རྒྱུད་རྣམ་པ་བཞི་ལས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང༌། ལྷ་མོ་བཞིས་ཞུས་པ་གཉིས་གསན་ཅིང༌། རྒྱུད་སྡེ་དེ་དག་གི་དགོངས་པ་གསལ་བར་བྱེད་པའི་སློབ་དཔོན་ཆེན་པོ་གཉིས་ཤིག་བྱོན་པ་ལས། སློབ་དཔོན་འཕགས་པའི་སྐོར་ལ། དེ་ཉིད་ཀྱིས་མཛད་པའི་རིམ་པ་ལྔ་པ་དང༌། མདོར་བྱས་པ་དང༌། དེ་ཉིད་མདོ་དང་བསྲེ་བ་དང༌། རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་སྒྲོན་མ་གསལ་བ་ཞེས་བྱ་བ་དང༌། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ། སེམས་ཀྱི་སྒྲིབ་པ་སྦྱོང་བ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་རྣམ་བཞག །དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་ཞེས་བྱ་བ་ལ་སོགས་