R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༦༠ན
[A:༦༠ན] འབྱུང། ཞེས་ལུང་བསྟན་ཏེ། ས་ཕོ་འབྲུག་ལ་འཁྲུངས། ཡང་ཞོགས་གད་ཀྱི་དགོན་པ་བཏབ། སྤོ་ཏོ་བའི་གསུང་ལ་ཟིན་བྲིས་སུ་མཛད་པ་ཕྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། བེའུ་བུམ་སྔོན་པོར་གྲགས་པ་མཛད། རོག་དམར་ཞུར་དུ་གྲགས་ཏེ་འཁོར་སྟོང་ཙམ་འདུས། དགུང་ལོ་བདུན་བཅུ་རྩ་གསུམ་པ་ཕག་ལོ་རྒྱལ་ཟླའི་ཚེས་བཅུ་གསུམ་ལ་ཐེགས། སློབ་མ་ཆེ་བ་བདེ་ལེགས་ཕག་མོ་གྲུ་པ་སོགས་བྱོན་ཀྱང། ཆོས་བརྒྱུད་འཛིན་པའི་མཆོག་དོན་སྟེངས་པ་ཆོས་སྐྱབས་བཟང་པོ་དང། ལྷ་འབྲི་སྒང་པ་ཆེན་པོ་སོགས་བྱོན། དོན་སྟེངས་པས་བློའི་ཕུར་དོན་སྟེངས་བཏབ་ནས་གྲ་ཐང་དང་སྦྲགས་ནས་བཟུང། ལྷ་འབྲི་སྒང་པས་བེའུ་བུམ་སྔོན་པོ་ལ་འགྲེལ་པ་ལེགས་པ་གཅིག་ལ་དེ་ཕྲིས་ཆེ་ཞིང། འོན་གྱི་ཕུར་འབྲི་སྒང་གི་དགོན་པ་བཏབ། ཚོགས་པའང་མང་དུ་འདུས་བར་སྐབས་སུ་འབྲི་སྒང་གི་དགོན་བདག་བྱ་ཡུལ་བས་མཛད་ནས་མཁན་པོའི་བཀོ་གཞག་ཀྱང་མང་དུ་མཛད་སྣང་ངོ། འབེ་སེ་དཀར་བས་གཞུང་གི་མདར་ར་བྲགས་ཀྱི་གཙུག་ལག་ཁང་བཏབ། མཁན་བརྒྱུད་ཤིན་དུ་འཕེལ་བར་བྱུང་ངོ་། གྲབ་པ་
ཡོན་ཏན་འོད་ཡང་ཟེར་
གཞོན་ནུ་འོད་ནི། འཕན་ཡུལ་གྲབ་ཏུ་འཁྲུངས་། བཞུགས་གནས་གྲབ་ཕུའི་ཕྲོང་སྡིངས་ཏེ། ཁོང་རང་གཞོན་ནུ་ནས་ཐོས་པ་ཆེ་བས། དང་པོར་སྤོ་ཏོ་བ་ལ་ཆོས་ཀྱི་ཚོད་བལྟར་བྱོན་ཀྱང། ཕྱིས་མི་ཕྱེད་པའི་དད་པ་སྐྱེས་ཏེ། ཀློག་ཆོས་ལོ་བཅུ་དྲུག་གསན། སྤོ་ཏོ་བའི་གསུང་སྒྲོས་བསྒྲིགས་པའི་དཔེ་ཆོས་རྩ་འགྲེལ་མཛད་དེ། དགེ་བཤེས་བྲག་དཀར་བ་སྤྲེའུ་ལོ་པ། འཁོར་བཞི་བརྒྱ་ཙམ་འདུས། དཔེ་ཆོས་གསན་པའི་ཆེད་དུ་གྲབ་པའི་སློབ་མ་མཛད། དགུང་ལོ་བརྒྱད་བཅུ་པ་ཡོས་ལོའི་དགུན་ཟླ་ཐ་ཆུང་གི་ཉེར་གཉིས་ལ་ཐེགས། དེའི་སློབ་མ་སློབ་དཔོན་བྱང་ཆུབ་