[A:༦༠བ] སྣང་བ། དེའི་སློབ་མ་དོན་གྲུབ་ལྕེ་སྒོམ། དེའི་སློབ་མ་སྐྱེར་སྒང་པ་ལ་སོགས་བྱོན་ནོ། བཀའ་བབས་ཀྱི་ནང་ནས་ཞང་སྟོན་ཤར་བ་པ་སྤོ་ཏོ་བའི་ཆོས་སྲོལ་འཛིན་པའི་མཆོག་སྟེ། འདི་ལ་སློབ་མའི་མཆོག་བཀའ་བབས་ལྔར་གྲགས་པ་ནི། བྱང་ཆུབ་ཐུགས་ཀྱི་བཀའ་བབས་མཆད་ཁ་བ། བྱིན་བརླབས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཀ་བ། རྣམ་ཐར་བཀའ་བབས་ཉེ་མལ་འདུལ་འཛིན། འདིས་ཀླུངས་ཤོད་མདར་དགོན་པ་བཏབ། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་ཤེས་རྡོར། འདིས་ཤར་བ་པའི་གདན་ས་ལོ་གསུམ་མཛད་དོ། དང་པོ་བྱ་མཆད་ཁ་བ་ནི། འཁྲུངས་ཡུལ་ལོ་རོ། གདུང་རུས་བྱ། ཡབ་འཕགས་པ་སྐྱབས། ཡུམ་བསོད་ནམས་སྐྱིད་ཀྱི་སྲས་སུ་ལྕགས་སྦྲུལ་ལ་འཁྲུངས། དྭགས་པོ་གཙང་འདུལ་ལ་རབ་ཏུ་བྱུང་ཞུས། མཚན་ཡེ་ཤེས་རྡོ་རྗེ་བཏགས། གཉལ་དུ་ངོར་རྗེ་བརྩན་བཙན་པོའི་ཆོས་འཁོར་ལ་བྱོན་པས། བ་རི་ལོ་ཙཱ་བ་རྔོག་ལོ་ཙཱ་བ་སོགས་སྡེ་སྣོད་འཛིན་པ་མང་པོ་གྲུབ་མཐའི་རྣམ་དབྱེ་འབྱེད་པ་གཟིགས་པས། ཆོས་ཚོལ་བ་ལ་མོས་ཏེ་བྱོན། གཡེ་ཆུང་གི་སྒྲེ་དགོན་པ་ན་སྤྱན་སྔ་བའི་སློབ་མ་སྒྲེ་པ་ཆེན་པོ་བཞུགས་པ་དང་མཇལ། བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས་མ་གནང། སྒྲེ་པ་ལ་ཇོ་གདན་ཚ་རོང་པ་དང། དྭགས་པོ་གཙང་འདུལ་མཇལ་དུ་བྱོན་པ་ལ། མཁན་སློབ་ཞུས་ནས་བསྙེན་རྫོགས་མཛད་དེ་ཤ་མི་ལ་འདུལ་བ་གསན། དེ་ནས་ལར་ལུངས་སུ་བྱོན་ཏེ་བཤེས་གཉེན་མང་པོ་བསྟེན། ཁྱད་པར་གླང་རི་ཐང་པའི་སློབ་མ་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་རྐང་བརྒྱད་མ་གསན་པས་དད་ནས། སྤོ་ཏོ་བའི་སློབ་མ་དོལ་པ་དང། ལུགས་སྨད་པ་གཉིས་ལོ་བཞི་བསྟེན། དོལ་པ་ལ་བེའུ་བུམ་སྔོན་པོ་ཡང་གསན་