[A:༦༡ན] དེ་ནས་དགུང་ལོ་སུམ་བཅུ་ལ། གླང་རི་ཐང་པ་ལ་གཏད་ནས་བྱོན་ཀྱང་མ་མཇལ་བར། ཤར་བ་པ་བཞོའི་ཁང་པ་གནས་ན་བཞུགས་པ་དང་མཇལ། དང་པོར་ཚོགས་ཆོས་གསན། དེ་ནས་བློ་སྦྱོང་རྩ་ཆོད་དེ་ཉམས་ཁྲིད་དུ་ལོ་དགུ་བསྐྱངས་པས། བདག་གཅེས་འཛིན་གྱི་འཁྲི་པ་ཆོད་པ་ཅིག་བྱུང་གསུང། སྟོན་ཆོས་ལ་བྱ་ཡུལ་དུ་བྱོན། སྤྲུལ་སྐུ་བྱ་ཡུལ་བ་ལ་གདམས་ངག་གི་སྐོར་རྣམས་རྫོགས་པར་གསན། འཕན་ཡུལ་དུ་བྱོན་ནས་ཀྱང་ཤར་བ་པ་ཡུང་རིང་དུ་བསྟེན། དེ་ནས་གནས་ངེས་མེད་དུ་ཐུགས་དམ་གྱི་གཙོ་བོ་བློ་སྦྱོང་ལ་མཛད་ཅིང། བཀའ་དགོ་པ་ལ། ཕྱིས་འགྲེས་ཕུ་སྒོམ་ཆེན་སྡིངས་སུ་ཉེ་གནས་ལ་ཁྱོད་ཀྱིས་སློབ་མ་འདི་རྣམས་ལ་མར་ཁུའི་སྐྱོག་འདྲེན་གྱིས། མིང་སྟོན་བྱེད་གསུང་ནས། དོན་བདུན་གྱི་ས་བཅད་མཛད་དེ་ཚོགས་
ཆོས་
སུ་གསུངས། དེ་ནས་མལ་གྲོར་བྱོན། མཆད་ཁ་རྙིང་མ་བཏབ། ལོ་བཅུ་གཅིག་ཏུ་ཆོས་གསུངས་པས། སློབ་མ་སྟོང་ཙམ་འདུས། དེ་ནས་མཐའ་ཕུར་ཟླ་བ་བརྒྱད་བཞུགས། ཁྱད་པར་གྱི་སྲས་སེ་སྤྱིལ་ཕུ་བ། དན་ཚ་རབ་ཀྱི་རྣལ་འབྱོར་བྱང་སེང། རོང་པོ་བོ་དྷི་སཏཱ། དྭགས་པོ་ཉང་སོགས་དང་ཡབ་སྲས་གཉིས་ཀའི་སློབ་མ་རྣལ་འབྱོར་བྱང་སེང་གིས་དྲོ་པ་བཏབ། གཞན་ཡང་ལྷོ་པ་ཐམས་ཅད་མཁྱེན་པ་སོགས་མང་དུ་བྱོན། བདུན་བཅུ་རྩ་ལྔ་པ་ཤིང་ལུག་ཟླ་བ་བཅུ་གཅིག་པའི་ཚེས་ལྔ་ལ་མཐའ་ཕུར་ཐེགས། གདུང་བཞུ་བས་ཐུགས་ལྗགས་སོགས་བྱོན། གསེར་གྱི་མེ་ཏོག་གི་ཆར་བབས་པར་གྲགས་ཏེ། རྒྱས་པར་བློ་སྦྱོང་གི་བྱུང་ཚུལ་དང། རྣམ་པར་ཆེ་ཆུང་དུ་བལྟའོ། དེའི་ཁྱད་པར་གྱི་སྲས་སེང་སྤྱིལ་ཕུ་བ་ནི། འཁྲུངས་ཡུལ་ལྡོ་སྟོད་ཟེར་
གཉལ་སྟོད་དར་མ་སྒང། གདུང་རུས་སེ། དགུང་སྡིང་ལྕགས་མོ་གླང། རབ་བྱུང་དང་བསྙེན་རྫོགས་གཉིས་ཀའི་མཁན་པོ་ཕྱ་པས་མཛད། མཚན་ཆོས་ཀྱི་རྒྱལ་མཚན་དུ་བཏགས། བྱ་མཆད་ཁ་