R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༦༣བ
[A:༦༣བ] མཛད་ནས། ཆུ་མིག་ཆོས་འཁོར་གྱི་གྲལ་དབུ་ཡང་ཞུས། འདིའི་རིང་ལ་གཉལ་ཞིག་གི་སློབ་མ་གྲགས་པ་སེང་གེ་སྤྱན་དྲངས་ཏེ། མཚན་ཉིད་ཀྱི་བཤད་གྲྭའང་གཙུགས། དེ་ནས་སྐྱོ་སྟོན་པ་ནི། རྟ་ནག་ཡང་ཡུལ་དུ་བྱི་བ་ལོ་ལ་སྐུ་འཁྲུངས། མཚན་སྨོན་ལམ་ཚུལ་ཁྲིམས། ཕྱག་རྡོར་གྱི་གྲུབ་པ་ཐོབ། སྣར་ཐང་གི་གཙུག་ལག་ཁང་ཆེ་བ་དང། ལྕགས་རི་སོགས་མཛད་ནས་གདན་སར་ལོ་བཅུ་བཅོ་ལྔ་བཞུགས། དེ་ནས་ཆོས་རྗེ་ཉི་མ་རྒྱལ་མཚན་པ་སྣར་ཕུའི་སྟེང་ཁར་མ་ཁ་རིར་བྱ་ལོ་ལ་འཁྲུངས། གདན་སར་ལོ་བདུན་བཞུགས། སྟག་བརྒྱད་བསྐོས། ཆོས་ཁྲིམས་དམ་པར་མཛད། བླ་མ་འབྲོམ་སྟོན་ལ་གླེགས་བམ་ཆ་ལག་དང་བཅས་པ་གསན། དེ་རྗེས་མཁན་ཆེན་འདུལ་བ་འཛིན་པ་ནི། ཉང་སྟོད་རྒྱ་བྲ་དཔེ་སྟོད་དུ་གླང་ལོ་ལ་ཟེའུའི་རིགས་སུ་སྐུ་འཁྲུངས། མཚན་གྲགས་པ་བརྩོན་འགྲུས། རྒྱ་ཡུལ་དུ་བྱོན་ཏེ་སེ་ཆེན་དང། ཨོལ་བྱ་རུ་རྒྱལ་བུའི་བླ་མཆོད་མཛད། དེ་ནས་ཡར་བྱོན་ཏེ་གདན་ས་ལོ་བཅུ་གཉིས་ཀྱི་བར་དུ་མཛད་པས་སྣར་ཐང་དུ་ལོངས་སྤྱོད་ཆེ་ཞིང། འགྲོ་དོན་ཕྲིན་ལས་ཆེ་བར་གྲགས། དེའི་རྗེས་མཁན་ཆེན་གྲགས་པ་ཤེས་རབ་ཀྱིས་ལུག་ལ་གདན་སར་བྱོན་ཏེ། ལོ་བཅུ་གཅིག་གི་བར་མཛད། དེ་ནས་མཆིམས་བློ་བཟང་གྲགས་པས་ལོ་སུམ་བཅུ་རྩ་དགུའི་བར་གདན་སར་བཞུགས་ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་རྒྱས་པར་མཛད་ཅིང། གྲྭ་སར་ཤ་ཁྲིམས་དང། ཁམས་པ་མི་སྟེན་པ་ལ་སོགས་པའི་ཁྲིམས་དམ་པར་མཛད་དོ། དེ་ནས་མཁེན་
དབང་
རྒྱལ་མཚན་པ་གདན་སར་བྱོན་ཏེ། ལོ་ཉི་ཤུ་རྩ་བདུན་བཞུགས། བསླབ་བཏུས་ལ་ཊཱིཀྐའང་མཛད། འདིའི་རིང་ལ་ཆེན་པོ་སྙན་གྲགས་པས་ཀར་ཕུགས་ལ་གསོ་ནམ་དང་ནང་དུ་གནས་བརྟན་ལྷ་ཁང་དང། མཁན་ཆེན་བློ་བཟང་གྲགས་པའི་ཕྱི་རྟེན་