[A:༦༤ན] གྱི་མཆོད་རྟེན་སྒོ་མངས། ཕྱིའི་ལྕགས་རི་ཆེན་མོ་མཛད་དེ། དེའི་རྗེས་སུ་མཁེན་གྲུབ་པ་ཤེས་རབ་པས་གདན་ས་ལོ་སུམ་བཅུར་མཛད་ཅིང། བཀའ་གདམས་གཞུང་དྲུག་དང། ལམ་སྒྲོན་ལབ་མཆོག་ལ་སོགས་པའི་གདམས་པས་འགྲོ་བ་མཐོ་དམན་རྣམས་ཡང་དག་པའི་ལམ་ལ་བཀོད་དེ། རང་ལོ་རེ་བདུན་པ་ཆུ་མོ་ཡོས་ལ་ཞི་བར་གཤེགས། དེ་ནས་མཁེན་བསོད་ནམས་མཆོག་གྲུབ་པས་གདན་སར་ལོ་བཅུ་དྲུག་བཞུགསཏེ་འགྲོ་དོན་བསྐྱངས། དེ་ནས་མཁེན་གྲགས་པ་དོནགྲུབ་པས་གདན་ས་ལོ་སུམ་བཅུར་མཛད་ནས་གོ་གཅིག་པ་ཕག་ལ་གཤེགས། དེ་ནས་མཁེན་བཟོད་པ་དཔལ་གྲུབ་གྱིས་ཀྱིས་གདན་ས་ལོ་གསུམ་མཛད་ནས། རང་ལོ་བདུན་བཅུ་པ་ལ་གཤེགས། དེ་ནས་མཁེན་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོས་གདན་ས་ལོ་གསུམ་མཛད་ནས་རང་ལོ་དོན་གཉིས་པ་ཆུ་སྦྲུལ་ལ་གཤེགས། དེ་ནས་མཁེན་ཤེས་རབ་རྒྱལ་མཚན་པ་ང་གཉིས་པ་ཆུ་འབྲུག་ལ་གདན་སར་བྱོན་ནས་ཆུ་ཡོས་ཡན་ལ་ལོ་བཅུ་གཉིས་སོང་ངོ། དེ་ལྟར་ན་གཏུམ་སྟོན་གྱིས་སྣར་ཐང་ཆུ་བྱ་ལ་བཏབ་ནས་ཆུ་ཡོས་ཡན་ལ་འདས་ལོ་སུམ་བརྒྱ་དང་སུམ་བཅུ་སོང་བར་ཤེས་པར་བྱའོ། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཀ་བས། སྟབས་ཀ་གྲྭ་པའི་སྒང་། འོད་འཇོ་ཆོས་ཀྱི་སྒང། ཁྲ་ཕུ་ལོངས་སྤྱོད་ཀྱི་སྒང་ཞེས་པ་གསུམ་བཏབ་གྲྭ་པ་བརྒྱད་བརྒྱ་ཙམ་འདུས། གྲགས་ཆེ་བའི་སློབ་མ་ཞང་བཞི་ནི། ཞང་སྟོན་འོད་འཇོ་བ་དར་མ་གཡུང་དྲུང། ཞང་སྟོན་ཁང་མོ་ཆེ་པ། ཞང་སྟོན་ཤོ་མ་ར་པ། ཞང་སྟོན་བཅོམ་ཐང་པ་ཆེན་པོའོ། ཐུགས་ཀྱི་སྲས་བཞི་ནི། སྒང་ཐང་དཀར་བ་རྡོ་རྗེ་རིན་ཆེན། གུ་ར་བ་ཚུལ་ཁྲིམས་རྡོ་རྗེ། སྟབས་ཀའི་རྣལ་འབྱོར་པ་ནམ་མཁའ་རིན་ཆེན། ཁྲ་ཕུ་བ་འདུལ་བ་འཛིན་པའོ། འོད་འཇོ་ཞང་སྟོན་དར་མ་གཡུང་དྲུང་ལ་གཏད། དེ་ནས་རོང་སྟོན་ཁ་བོ་ཆེས་བསྐྱངས། ཁྲ་ཕུ་འདུལ་བ་འཛིན་པས་བསྐྱངས་ཏེ། དེ་ལས་འཕྲོས་