[A:༦༧ན] བཅས་ཏེ། སྤྲུལ་སྐུ་ཆེན་པོའི་དཔང་པར་བབས་པ་ཕྱིས་བྱ་ཡུལ་གྱི་གདུང་ཁང་དུ་བཞུགས་སོ། སྨྱུག་རམ་དུ་སྐུ་མཚམས་ལོ་དགུ་མཛད། དེ་ནས་ཚོགས་བསྡུས་ཏེ། ཐོག་མར་བྲུལ་གྱི་ར་བ་དཀར་པོར་དགོན་པ་བཏབ། དགེ་འདུན་ལྔ་བརྒྱ་ཙམ་འདུས། དེའི་ཚེ་རྗེ་བཙུན་མ་སྒྲོལ་མ་ལ་སོགས་ཡི་དམ་མང་པོའི་ཞལ་གཟིགས། ནཱ་ག་བོ་དྷི་ལ་དངོས་སུ་ཆོས་གསན། དེ་ནས་གདུན་བྱ་བསམ་གྱིས་མི་ཁྱབ་པ་དང། དགོན་པ་འབུལ་བ་ཡང་མང་དུ་བྱུང་བ་ལ། བླ་མ་དང་སྒྲོལ་མས་ལུང་བསྟན་པའི་གནས་བྱ་ཡུལ་དུ་དགོན་པ་འདེབས་དགོངས་ཀྱང། ཡོན་བདག་རྣམས་ཐེ་ཚོམ་བསལ་བའི་ཕྱིར། བཤེས་གཉེན་མཐའ་བཞི་སྤྱན་དྲངས་ནས་དགོན་པ་ཐམས་ཅད་ནས་རྡོ་རེ་བླངས་པ་ལ་ས་དཔྱད་མཛད་ནས། སེ་གསལ་བའི་གཡུང་དྲུང་གིས་ཕུལ་བ། བྱ་ཡུལ་ནས་བླངས་པའི་རྡོ་ལ་སའི་དཔྱད་བཟང་བར་ལུང་བསྟན་པས། གཞན་རྣམས་ཀྱང་མ་དགའ་བ་མེད་པར་མཛད་དེ། ལོ་དགོན་པ་བཏབ་ནས། ལོ་ཉི་ཤུ་རྩ་གཉིས་པ་ཤིང་ཕོ་རྟའི་ལོ་ལ་གཙུག་ལག་ཁང་གི་རྨང་བཏིང་ནས། ལོ་བཅུ་གསུམ་པ་རྟ་ལོའི་ནང་ཚུན་ལ་དགོན་པ་གཏོར་ཚུགས་ཡན་རྫོགས་པར་གྲུབ། རྨང་བཏིང་ནས་ན་ནིང་ཆུ་མོ་ཡོས་ཡན་ལ་འདས་ལོ་སུམ་བརྒྱ་དང་བདུན་བཅུ་སོང་ངོ་། དེའི་ཚེ་སྤྱན་སྔ་བ་རྣལ་ལམ་དུ་བྱོན་ནས་སྣམ་སྦྱར་གསེར་མདོག་
ཅན་
བཀོན་པ་རྨིས་པས། བླ་མས་གནང་བ་བྱུང་གསུང་ནས། མཁན་པོ་རྟོག་ཆོས་དབང་བྱ་འདུལ་འཛིན་ཟེར་
ལས་སློབ་མང་ར་སྒོམ་པ། གསང་སྟོན་རྒྱ་ཤེས་རབ་འབར་གྱིས་མཛད་དེ། བསྙེན་པར་རྫོགས། བྱ་ཡུལ་དུ་དགེ་འདུན་ཉིས་སྟོང་ལྔ་བརྒྱ་ཙམ་འདུས། དེ་དུས་བྱ་ཡུལ། ཀླུང་ཤོད། མལ་གྲོ་གསུམ་དུ་དུས་གཅིག་ལ་གྲལ་དབུ་མཛད་པ་དང། མདོ་སྨད་དུ་ངང་ཚང་བའི་གཙུག་ལག་ཁང་གི་རབ་གནས་དང། དྭགས་པོར་ཤ་བ་གླིང་པའི་མཆོད་རྟེན་གྱི་