[A:༦༨ན] བཏབ། དོན་གཅིག་བཞུགས། སྨྱུག་རུམ་པ་ཆེན་པོ་ནི། སྔ་ཕྱི་གཉིས་བྱུང་བའི་ཕྱི་མ་ཡིན་ནོ། མལ་གྲོར་བྲུལ་བ་ཆེན་པོ་ནི། རུས་གློག་སྐྱ། དགུང་སྙིང་ཡོས། མཚན་དབང་ཕྱུག་རྒྱལ་མཚན་
དབང་ཕྱུག་རིན་ཆེན་ཡང་ཟེར།
བྱ་ཡུལ་བ་ཆེན་པོ་དང་ཐོག་མར་འབྲོམ་དུ་མཇལ། རྒྱལ་སྟེང་གི་དགོན་པ་བཏབ། དོན་དྲུག་བཞུགས། སྐུ་ཇོལ་བ་ཆེན་པོ། བ་ངར་བ་ཆེན་པོས་བ་ངར་གྱི་མཆོད་ཁང་བཞེངས། འཕན་ཡུལ་དུ་རྟ་པ་ཞང་སྒོམ་ཆེན་པོས་རྟ་ཕུའི་དགོན་པ་བཏབ། འབྲོམ་དུ་བཀྲ་ཤིས་སྒང་པ་ཆེན་པོས་སྨོན་གྲོང་གི་དགོན་པ་བཏབ། རྒྱ་མིག་མངས་པ་ཆེན་པོ་དང་བརྒྱད་དོ། ཐུགས་ཀྱི་སྲས་བཞིའམ་ལྔ་ནི། རྒྱ་ཆེན་པོས་རྒྱ་ས་སྒང་གི་མཆོད་ཁང་གསར་རྙིང་གཉིས་བཞེངས། འཕན་ཡུལ་ཕྱར་རྗེ་ནས་གནུབས་མཆོད་གནས། དགོན་མཁའ་རུ་བ་ལ་གསུམ་བྱོན་པའི་བར་པ་དང། གཙང་པ་རིན་པོ་ཆེ་དང་བཞི། སྲས་ལྔར་བྱེད་ན་དགྱེར་སྒོམ་ཆེན་པོ་ཡིན་ལ། དཔེ་ཁ་གཅིག་ཏུ་ནང་གི་ཆེན་པོར་དྲངས་པ་ཡང་སྣང་བས། མི་འདྲ་བ་ཅུང་ཟད་འདུག་ཀྱང་རྣམ་ཐར་གཙོ་བོར་བྱས་སོ། དགས་དྭགས་པོ་ལྷ་རྗེ་ནི། སྙིང་རྗེ་པད་དཀར་དུ། དགེ་སློང་འཚོ་བྱེད་ཅེས་བྱ་བ་ཐེག་ཆེན་པ་འབྱུང་ཞེས་ལུང་བསྟན་ཏེ། འཁྲུངས་ཡུལ་གཉའ་བོད་སྙི། རུས་སྙི་བ། དབུ་གཙོ་རྒྱལ་འབར་གྱི་སྲས་སུ་ས་མོ་ལུག་ལ་འཁྲུངས། དགུང་ལོ་ཉེར་དྲུག་ལ་དཌ་དྭགས་པོར་མར་ཡུལ་བློ་ལྡན་དང། ཤ་པ་གླིང་པ་ལ་མཁན་སློབ་ཞུས་ནས་ཆིག་རྫོགས་མཛད། མཚན་བསོད་ནམས་རིན་ཆེན་དུ་བཏགས། དེ་ནས་བྱ་ཡུལ་བ། རྒྱ་ཡོན་བདགཤ་པ་གླིང་པ་ཡང་ཟེར།
། དགེ་བཤེས་སྒྲེ་པ། སྨྱུག་རུམ་པ་ རྒྱ་ལྕགས་རི་གོང་ཁ་བ་དང་ལྔ་ལ་བཀའ་གདམས་ཀྱི་ཆོས་རྣམས་ཆ་ཚང་བར་གསན། དེ་ནས་སྒྲུབ་པ་བྱ་དགོངས་ནས། ཁོང་རང་གི་ཡབ་མེས་ཀྱིས་བརྩིགས་པའི་གསེར་ཁ་བྱ་བའི་གཙུག་ལག་ཁང་ཡོད་པར་བྲང་ཁང་བརྩིགས།