[A:༨༤བ] སྐོར་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། བདེ་བྱེེད་བདག་པོས་མཛད་པ། བཤགས་པའི་བསྟོད་པ་ཙནྟྲ་གོ་མིས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། དེའི་འགྲེལ་པ་དང། དོན་བསྡུ་བའི་ཚིགས་བཅད་ཕྱོགས་ཀྱི་གླང་པོས་མཛད་པ་དང་དྲུག། སྐྱབས་འགྲོའི་སྐོར་ལ། སྐྱབས་གསུམ་བདུན་བཅུ་པ་ཟླ་བ་གྲགས་པས་མཛད་པ། སྐྱབས་འགྲོ་དྲུག་བཅུ་པ་བི་མ་ལ་མི་དྲས་མཛད་པ། སྐྱབས་འགྲོ་བསྟན་པ། ཇོ་བོ་རྗེས་མཛད་པ་དང་གསུམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་དཔོན་བྱང་བཟང་གིས་མཛད་པ། ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། སེམས་སྐྱེད་པའི་ཆོ་ག་དང། བླ་མའི་བྱ་བའི་རིམ་པ་གཉིས་ཇོ་བོས་མཛད་པ། སྡོམ་པ་ཉི་ཤུ་པ་ཙནྟྲ་གོ་མིས་མཛད་པ། དེའི་འགྲེལ་པ་ཞི་བ་མཚོས་མཛད་པ་དང་བདུན་ནོོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྐོར་ལ། བྱང་ཆུབ་ལམ་གྱི་སྒྲོན་མ། དེའི་རང་འགྲེལ་དང། སྤྱོད་པ་བསྡུས་པའི་སྒྲོན་མ་བསྡུས་དོན་སྒྲོན་མེ། དབུ་མའི་མན་ངག།སྙིང་པོ་བསྡུ་བ། སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནོར་བུའི་ཕྲེང་བ། འདི་བཀའ་གདམས་གླེགས་བམ་གྱི་རྩ་ཚིགས་ཡིན་ནོ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམ་ངག་ཏུ་བརྗོད་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་དུ་བསྡུས་པ། རང་གི་བྱ་བའི་རིམ་པ་བསྐུལ་མ་དང་བཅས་པ་ཡི་གེར་བྲིས་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་ཀླུུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་