R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༥ན
[A:༨༥ན] འབྱེད་པ། ཁ་ཏོན་དང་གླེགས་བམ་ཀློག་པའི་སྔོན་དུ་བྱ་བའི་ཆོ་ག། ཕ་རོལ་དུ་ཕྱིན་པའི་ཚ་ཚ་གདབ་པའི་ཆོ་ག། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ། དེ་ལྟར་བཅུ་དགུ་ཇོ་བོ་ཆེན་པོས་མཛད། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེའི་སྡིག་པ་བཤགས་པ་དང། སྒྲུབ་པ་མདོ་དེ་ཉིད་ལས་ཕྱུང་བ། ལས་དང་པོ་པའི་ས་སྦྱང་བ། དགྲ་ལས་རྣམ་རྒྱལ་གསང་བས་མཛད་པ། དེ་བཞིན་བཤེགས་པའི་ཡི་གེ་བརྒྱ་པའི་སྒོ་ནས་སྡིག་པ་བཤགས་པ། ཞི་བ་ལྷས་མཛད་པ་དང། ཉི་ཤུ་རྩ་གཉིས། སྒོམ་རིམ་དང་བསམ་གཏན་གྱི་ཡི་གེ་སྣ་ཚོགས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང། དེའི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྒོམ་རིམ་གསུམ་དང། རྣལ་འབྱོར་སྒོམ་པ་ལ་འཇུག་པ། ཀ་མ་ལ་ཤཱི་ལས་མཛད་པ། དོན་དམ་བྱང་ཆུབ་སེམས་བསྒོམ་པ་རིན་པོ་ཆེའི་སྒྲོན་མེ་དང། ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་པདྨ་སྤུངས་པ་གཉིས། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། ཡང་ཏིང་ངེ་འཛིན་གྱི་ལེའུ་ནག་པོ་ཞབས་ཀྱིས་མཛད་པ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ། ཨ་བ་དྷཱུ་ཏི་པས་མཛད་པ། དེའི་འགྲེལ་པ་དཱ་ན་ཤཱི་ལས་མཛད་པ། རྣལ་འབྱོར་རྟོག་པའི་གེགས་སེལ་བ་སངས་རྒྱས་གསང་བས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། དབུ་མའི་མན་ངག་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་དང། བདེན་པ་གཉིས་ལ་འཇུག་པ་དང། དྲན་པ་གཅིག་པའི་མན་ངག་གཉིས། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྣལ་འབྱོར་སྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཕྱོགས་ཀྱི་གླང་པོས་མཛད་པ། མི་སྡུག་པ་བསྒོམ་པའི་ལམ་དགེ་བའི་གོ་ཆས་མཛད་པ། ལུས་ཡོངས་སུ་