[A:༨༥བ] དཔྱད་པའི་སྒོམ་རིམ་ནག་པོ་ཞབས་ཀྱིས་མཛད་པ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ། ཐེག་ཆེན་ཉི་ཤུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཕ་རོལ་དུ་ཕྱིན་པའི་ཐེག་པའི་རིམ་པའི་མན་ངག་དཔལ་ཡེ་ཤེས་གྲགས་པས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་མདོ་སྡེའི་རྗེས་སུ་འགྲོ་བ། མ་ཧཱ་མ་ཏིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྣལ་འབྱོར་ལ་འཇུག་པའི་མན་ངག། ཆོས་ཀྱི་དབང་པོས་མཛད་པ། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་བསྡུས་ཏེ་བསྟན་པ། ཡེ་ཤེས་ཟླ་བས་མཛད་པ་དང་ཉི་ཤུ་རྩ་བདུན། གསང་སྔགས་ཀྱི་ལམ་རིམ་ལ། ཡི་གེ་དྲུག་པའི་གླུ། སྤྱོད་པའི་གླུ། དེའི་འགྲེལ་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ། ཆོས་ཀྱི་གླུ། ཏིང་ངེ་འཛིན་གྱི་གླུ། རྡོ་རྗེ་གདན་གྱི་གླུ། དེའི་འགྲེལ་པ་ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག། རབ་ཏུ་གནས་པའི་ཆོ་ག་དང་བཅུ་གཅིག་ཇོ་བོ་རྗེས་མཛད་པ། བདེ་བ་བཅུ་གསུམ་པའི་གླུ། ཨཏྵིས་མཛད་པ། མན་ངག་བདུད་རྩིའི་འཁོར་ལོ། ཕྱག་ན་རྡོ་རྗེས་བསྡུས་པ། བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། མཎྜལ་གྱི་ཆོ་ག་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། མཎྜལ་གྱི་ཆོ་ག་སངས་རྒྱས་གསང་བས་མཛད་པ། མཎྜལ་གྱི་ཆོ་ག་རྡོ་རྗེ་གདན་པས་མཛད་པ། མཎྜལ་གྱི་ཆོ་ག་ཀ་མ་ལ་ཤཱི་ལས་མཛད་པ། མཎྜལ་གྱི་ཆོ་ག་རྙོོག་མེད་རྡོ་རྗེས་མཛད་པ་དང་བཅུ་དགུ། གཏམ་དུ་བྱ་བ་སྣ་ཚོགས་ལ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། ཀླུ་སྒྲུབ་ཀྱིས་མཛད་པ། ཡོན་ཏན་
བདུན་
རབ་ཏུ་བརྗོད་པའི་