[A:༨༦ན] གཏམ། དབྱིག་གཉེན་གྱིས་མཛད་པ། སྦྱིན་པའི་གཏམ། སློབ་དཔོན་གུ་ཎ་པྲ་བྷ་བས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ། ཚོད་ཟིན་པའི་གཏམ། ཚོགས་ཀྱི་གཏམ་དང་གསུམ་དབྱིག་གཉེན་གྱིས་མཛད་པ། མི་ཁོམས་པ་བརྒྱད་ཀྱི་གཏམ། རྟ་དབྱངས་ཀྱིས་མཛད་པ། ལེགས་བཤད་ཟ་མ་ཏོག་ལྟ་བུའི་གཏམ། སློབ་དཔོན་དཔའ་བོས་མཛད་པ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་དང། རྩོད་པའི་དུས་ཀྱི་གཏམ། མ་ཏི་ཙི་ཏྲས་མཛད་པ། དབེན་པའི་གཏམ། ས་འཚོ་སྦྱིན་གྱིས་མཛད་པ་དང་བཅུ་གཅིག་གོ སྤྲིང་ཡིག་གི་སྐོར་ལ། བཤེས་པའི་སྤྲིང་ཡིག་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་མ་ལ་སྤྲིང་བ་ཙནྜ་གོ་མིས་མཛད་པ། རྒྱལ་པོ་ཀ་ནི་ཀ་ལ་སྤྲིང་བ། མ་ཏི་ཙི་ཏྲས་མཛད་པ། རབ་གསལ་གཞོན་ནུ་ལ་སྤྲིང་བ། འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པ། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་ཕྲིན་ཡིག། ཛཻ་ཏ་རིས་མཛད་པ། དྲི་མ་མེད་པ་རིན་པོ་
ཆེའི་
སྤྲིང་ཡིག། རྒྱལ་པོ་ནཻ་ཡ་པཱ་ལ་ལ་གདམས་པ་དང། པུ་རངས་ཇོ་བོ་ལ་སྤྲིང་ཡིག་སུམ་བཅུ་པ། ཇོ་བོས་མཛད་པ་དང་བདུན་དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ་དང། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དང། མྱ་ངན་བསལ་བ། རྟ་དབྱངས་ཀྱིས་མཛད་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། དབྱིག་གཉེན་གྱིས་མཛད་པ་དང་ལྔ་སྟེ། བཅུ་གཉིས་སུ་བཞེད་དོ། རྟོགས་བརྗོད་ལ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། གསང་བས་བྱིན་གྱིས་མཛད་པ་གཅིག། ལུགས་ཀྱི་བསྟན་བཅོས་ལ། ཤེས་རབ་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དྲི་མེད་དྲིས་ལན་ཪིན་པོ་ཆེའི་ཕྲེང་བ་དོན