R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༦བ
[A:༨༦བ] ཡོད་འཆར་གྱིས་མཛད་པ་དང་གཉིས། སྔོ་བ་དང་སྨོན་ལམ་ལ། ཡན་ལག་བདུན་པའི་
ཆོ་ག་
ཚིགས་སུ་བཅད་པ་ཉི་ཤུ་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྨོན་ལམ་བདུན་བཅུ་པ། གཞན་ལ་ཕན་པའི་དབྱངས་དགོན་པ་བས་མཛད་པ་དང་གཉིས་སོ། མདོར་ན་གླེགས་བམ་གཅིག་ལ་ཆོས་ཚན་བརྒྱ་དང་བཅུ་གཉིས་བཞུགས་སོ། གཞན་ཡང་ཇོ་བོ་ཆེན་པོས་མཛད་པ་ལ། བྱང་ཆུབ་ལྟུང་བཤགས་ཀྱི་འགྲེལ་པ། དམ་ཚིག་བསྡུས་
པ་
ཞེས་པ་རྩ་ལྟུང་གི་བཤད་པ། གསང་འདུས་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུའི་སྒྲུབ་ཐབས་དང། བསྟོད་པ། འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། གསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་ཐབས་དང། འཇིག་རྟེན་དབང་ཕྱུག་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་གཏོར་ཆོག་རྒྱས་པ། རྒྱལ་བ་རིགས་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། གྲུབ་ཆེན་མུ་ཡི་པས་མཛད་པའི་དཔལ་མངོན་པར་རྟོགས་པའི་འགྲེལ་པ་ཆེན་མོ། འཁོར་ལོ་སྡོམ་པ་བཅུ་གསུམ་དང། ལྷ་ལྔ་དང། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཤར་ཕྱོགས་བྷཾ་ག་ལའི་ཚལ་དུ་བདེ་མཆོག་གི་དཀྱིལ་འཁོར་ཞལ་གཟིགས་པའི་དུས་སུ་བསྟོད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཆེ་བ་རིན་ཆེན་རྒྱན་ཞེས་པ་དང། ཆུང་བ་གཅིག། རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས་པའི་དུས་སུ་བསྟོད་པ། ཡང་མཁའ་སྤྱོད་མ་དཀར་མོའི་སྒྲུབ་ཐབས་ཆེ་ཆུང་གཉིས། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག། རབ་ཏུ་གནས་པའི་ཆོ་ག། འཕགས་པ་ཀླུ་སྒྲུབ། ནཱ་རོ་པ། སྒེག་པའི་རྡོ་རྗེ་དང་གསུམ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཕྱོགས་གཅིག་ཏུ་མཛད་པ། སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། འཕགས་པ་བཅུ་གཅིག་ཞལ་གྱི་བསྟོད་པ། སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་མན་ངག། སྤྱན་རས་གཟིགས་