R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༧ན
[A:༨༧ན] ཀྱི་རི་མོའི་བརྡ་བཤད་པ། སྒྲོལ་མ་སྔོན་མོོའི་བསྟོད་པ་ཞལ་གཟིགས་དུས་སུ་མཛད་པ། ཛམ་བྷ་ལ་དཀར་པོའི་བསྟོད་པ། སྨན་བླ་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ཚོགས་བདག་དཀར་པོའི་སྒྲུབ་ཐབས་ཆེ་ཆུང་གཉིས། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། མགོན་པོ་གྲི་གུག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྟ་མགྲིན་ཤྭ་ན་བཞི་སྐོར་ལྷ་ལྔའི་སྒྲུབ་ཐབས་དང། དཀྱིལ་ཆོག། ཇོ་བོ་བོད་དུ་འབྱོན་ཁར་སློབ་མ་རྣམས་ལ་སྤྱི་ཆོས་སུ་གདམས་པ། རྣམ་དག་གཙུག་གི་ནོར་བུ། གཞན་ཡང་ལྷ་བཙུན་པ་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ། འོལ་རྒོད་པ་ཡེ་ཤེས་འབར། ཞང་སྣ་ཆུང་སྟོན་པ་རྣམས་ལ་གདམས་པ་དང། གཞན་ཡང་བསྟན་འགྱུར་གྱི་ཐོ་རྣམས་སུ་ཇོ་བོའི་མཛད་བྱང་འབྱར་བ་གཙུག་ཏོར་དྲི་མེད་དང། གདུགས་དཀར་སོགས་ཀྱི་རྒྱ་གཞུང་མང་དུ་འདུག་ཀྱང་འདིར་མ་བཀོད་དོ། སྙེ་ཐང་དུ་མཛད་པར་གྲགས་པ་རིགས་ཀྱི་སྨོན་ལམ། ལྟ་སྒོམ་སྤྱོད་གསུམ་གྱི་གླུ། བསམ་གཏན་ལ་བསྐུལ་བའི་གླུ། བདེ་བ་དྲུག་གི་གླུ། ལྟ་སྤྱོད་ཟུང་དུ་འབྲེལ་བའི་གླུ། དུས་མཆོད་བཞིའི་ངོས་འཛིན་དང་ཕན་ཡོན། བདེ་མཆོག་གི་རྒྱུད་ལ་བརྟེན་པའི་རླུང་གི་མན་ངག། གཞན་ཡང་སྟོང་ཐུན་བརྒྱད་བཅུ་རྩ་གཉིས་སོགས་མཛད་བྱང་འབྱར་བ་མང་དུ་སྣང་ཞིང་ཕལ་ཆེར་མཛད་པར་མངོན་ཏེ་འདིར་དཔྱད་པ་ཞིབ་ཏུ་མ་བྱས་སོ། རྩ་ལྟུང་གི་འགྲེལ་པ་སོགས་ཁ་གཅིག་ལ་ཡང་། ཇོ་བོས་མཛད་པ་ཡིན་མིན་བོད་སྔ་མ་དག་དཔྱད་པ་མཛད་མོད་འདིར་ཞིབ་ཏུ་མ་བྲིས་སོ། བཀའ་གདམས་གླེགས་བམ་དུ་གཏོགས་པ་ལ། སྤྱིར་དཔེ་ཚན་ལྔ་བཅུ་རྩ་བཞི་ལས། སྦྱོར་བའི་ཆོས་ལ་དཔེ་ཚན་བཞི་སྟེ། འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་