[A:༨༩བ] ཕྱི་གཉིས། སྒོམ་ཆེན་བྱང་ཆུབ་ལ་སྤྲིངས་པ། བཤེས་གཉེན་བློ་གྲོས་འབྱུང་གནས་ལ་སྤྲིངས་པ། ཨ་མེས་སྨན་རྒན་སོགས་ལ་གདམས་པའོ། སྤོ་ཏོ་བས་རང་གི་སློབ་མ་རྣམས་ལ་སྤྱིར་སྤྲིངས་པ། རང་གི་གྲོགས་པོ་དོལ་བའི་བླ་མ་ལ་སྤྲིངས་པ། གཡའ་ངོས་དགོན་པར་སྤྲིངས་པ། ཡུང་བའི་ཆང་འཐུང་རྣམས་ལ་སྤྲིངས་པ། བྱ་ཡུལ་གྱི་མཆོད་གནས་ལོ་ཆུང་ལ་སྤྲིངས་པ། ཞོགས་ཡ་གད་དུ་སྤྲིངས་པའི་ཡི་གེ་རྣམས་སོ། སྤྱན་སྔས་སྣེའུ་ཟུར་པ་ལ་དང་པོར་སྤྲིངས་པ། རྗེས་སུ་སྤྲིངས་པ་གདམ་ངག་ཚིག་དྲུག་མ་དང། དགེ་བཤེས་དབང་སེང་ལ་སྤྲིངས་པ། བྱ་ཡུལ་བ་ཉེར་གནས་མཛད་དུས་གདམས་ཟེར་བ་སོགས་དང། སྟབས་ཀ་བས་མངའ་རིས་རྒྱལ་པོ་ལ་སྤྲིངས་པ། མཁའ་རུ་བས་རྔོག་བློ་ལྡན་ལ་སྤྲིངས་པ། མཆོད་གནས་དབང་ངེ་ལ་སྤྲིངས་པ། ཤ་བོ་སྒང་པ་ལ་སྤྲིངས་པ། སྒོམ་ཆེན་སེང་གེ་སྒྲ་ལ་སྤྲིངས་པ་སོགས་ཤར་བ་པའི་འཕྲིན་ཡིག་སུམ་
བཅུ་
རྩ་བཞི། གཞན་ཡང་དཔལ་ལྡན་དགོན་པ་བའི་བཅའ་ཡིག། སྤོ་ཏོ་བའི་བཅའ་ཡིག། ཞང་སྟོན་ཤར་བ་པས་སྔ་ཕྱིར་བྱས་པ་གཉིས་ཏེ། དགེ་འདུན་སྤྱིའི་བཅའ་ཡིག་བཞིའོ། དེ་རྣམས་ནི་ཐོས་ཟློས་ཙམ་མིན་པར་མཐོང་བ་རྣམས་བཀོད་དོ། བཞི་པ་མན་ངག་གི་སྐོར་ལ། བཀའ་གདམས་ལྷ་བཞིར་གྲགས་པ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལ་བརྟེན་པ་ཐུབ་པ་གཙོ་འཁོར་གསུམ་བསྒོམས་ཏེ། དེ་བཞིན་བཤེགས་པའི་ཡིག་བརྒྱ་བཟླས་ནས་སྡིག་པ་སྦྱང་བ་དང། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ། གཙུག་ལག་ཁང་བཞེངས་ཚུལ་སོགས་
སྣང་ངོ་། སྤྱན་རས་གཟིགས་ཀྱི་སྐོར་ལ། ཇོ་བོས་མཛད་པ་གོང་དུ་སྨོས་ལ། དེའི་གསལ་བྱེད་ཀྱི་སྒྲུབ་ཐབས། རྫོགས་རིམ། ལས་ཚོགས་ལ་རྣལ་འབྱོར་ལྔ་དང། དུག་གསུམ་ཤད་ཀྱིས་སྦྱོང་བའི་མན་ངག།ཞི་དྲག་གི་སྦྱིན་སྲེག་ལ་སོགས་