[A:༨༩ན] བ་ནི། བཀའ་གདམས་ཀྱི་བཤེས་གཉེན་གོང་མ་རྣམས་བླ་མའི་གསུང་ལ་ཟིན་བྲིས་ཙམ་ལས་མཛད་བྱང་མི་སྦྱོར་བ་དང། སློབ་མ་རྣམས་ཀྱིས་ཀྱང། བཀའ་འབུམ་བསྒྲིགས་པ་སོགས་ཆེར་མ་མཛད་ཅིང། གསུང་སྒྲོས་ཐོོར་བུ་བ་འདུག་པ་ཡང་ཡུན་རིང་བས་ཁ་མཐོར་བ་སོགས་མ་སྤྲོས་སོ། གསུམ་པ་གསང་ཕུ་བ་ནས་བརྒྱུད་པ་ལ། རྔོག་ལེགས་ཤེས་མཛད་པའི་ལམ་རིམ་ཤོ་ལོ་ཀ་དྲུག་དང། དེའི་གསལ་བྱེད་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཤོག་བུ་ཉི་ཤུ་ཙམ་དང། དེ་ཉིད་རྒྱས་པར་འཆད་པ་གྲོ་ལུང་པས་མཛད་པའི་བསྟན་རིམ་ཆེན་མོ་ཉིད་ཡིན་ནོ། གཉིས་པ་གསུང་སྒྲོས་ཐོར་བུ
འི་
སྐོར་ལ། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས། དགྱེར་སྒོམ་རྡོ་རྗེའི་གླུ། བློ་སྦྱོང་སེམས་པའི་རིམ་པ། གསེར་གླིང་པས་ཇོ་བོ་ལ་གནང་བའི་རྟོག་པ་འབུར་འཇོམས་རྩ་འགྲེལ་བློ་སྦྱོང་ལྷན་ཐབས་བཞི་པ། དེའི་སྒོ་ནས་སྡིག་པ་བཤགས་པ་དང། འཁོན་སྦྱང་བའི་ཆོ་ག། ཀུ་སྣ་ལིའི་ཚོགས་སོག་གསོག་ བློ་སྦྱོང་ཀུན་དུ་བཟང་པོ། བློ་སྦྱོང་སྟན་ཐོག་གཅིག་མ། བློ་སྦྱོང་ཐུན་བརྒྱད་མ། གླང་རི་ཐང་པའི་ཚིག་རྐང་བརྒྱད་མ། དེའི་འགྲེལ་པ་བྱ་སྟོན་གྱིས་མཛད་པ། བློ་སྦྱོང་རྟེན་འབྲེལ་སྙིང་པོ་དང། བཀའ་གདམས་ཐོར་བུ་བ་སོགས་དང། གཞན་ཡང་རྒྱལ་པོ་སའི་སཾ་གྷས་ཞུས་པའི་བོད་ཀྱི་རྣམ་གཞག་སོགས་མང་དུ་སྣང་ངོ། གསུམ་པ་འཕྲིན་ཡིག་གི་སྐོར་ལ། ཇོ་བོས་མཛད་པ་གོང་དུ་བཤད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོས་སྐུ་མཚམས་ནས་གྲོགས་པོ་རྣམས་ལ་སྤྲིངས་པ། དགེ་བཤེས་སྟོན་པས་ཇོ་བོ་སྤྱན་འདྲེན་པའི་དུས། མངའ་རིས་ནས་བོད་སྟོན་རྣམས་ལ་སྤྲིངས་པ་ཚིགས་སུ་བཅད་པ་བཅུ་དགུ་པ། ཞང་འཕྲེང་ཁ་བེར་ཆུང་ལ་སྤྲིངས་པ་སྔ་