[A:༩༡བ] མགོན་པོ་ལྷོ་ནུབ་པ། ཞལ་དམར་བ། མི་ཐུང་གསོད་བྱེད། མཐར་སྐྱེས་མ་ཞེས་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ་འདི་ལ། ཇོ་བོའི་རྒྱ་གཞུང་དང། དེའི་གསུང་ལ་བཤེས་གཉེན་སྟོན་པས་བཀོད་པའི་གབ་པ་མངོན་ཕྱུང་དུ་གྲགས་པ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་སོགས་ལ་ཕྱིས་ཀྱིས་བྱས་པའི་ཡིག་ཆ་མང་དུ་འདུག་ལ། འདི་དབང་གི་གྲི་གུག་ཡིན་པར་རིན་པོ་ཆེ་ཆོས་ཀྱི་རྡོ་རྗེ་བཞེད་དོ། གྲི་གུག་གི་འཁོར་དུ་ཡོད་པའི་མགོན་པོ་ལྕེ་སྤྱང་གདོང་ཅན་ལ། གླང་རི་ཐང་པ་ནས་རྒྱ་ལྕགས་རི་གོང་ཁ་པ་ལ་བརྒྱུད་པའི་རྗེས་གནང་དང་ལས་ཚོགས་སོགས་འདུག་ལ་མགོན་པོ་བེང་ལ་ཇོ་བོ་ནས་བརྒྱུད་པ་གཙོ་འཁོར་ལྔའི་རྗེས་གནང། དགོས་སྒྲུབ་སོགས་དང། མགོན་པོ་ཏྲཀ་ཤད་ལ་མི་འདྲ་བ་མང་ཡང། བཀའ་གདམས་པ་ནས་བརྒྱུད་པ་རྐང་ཐང་དང། སེང་ཞོན་དུ་ངེས་པས། འདི་ལ་སྒྲུབ་ཐབས་དང། ཞི་དྲག་གི་ལས་ཚོགས་མང་ངོ། ནམ་མཁའི་གོས་ཅན་ལ་བཀའ་གདམས་གླེགས་བམ་ནས། མཆེད་བཅུ་གཉིས་སུ་གསུངས་པ་ནི། གསེར་མཚོ་མ་དང། འོད་མཚོ་མ། བསྟན་སྐྱོང་མ་དང་ཡིད་འཛིན་མ། སྟོབས་མོ་ཆེ་དང་དྲག་ཤུལ་ཅན། ཁྲག་མདོག་མ་དང་དུད་ཁ་མ། ཐོགས་མེ་མ་དང་སྟོབས་མོ་ཆེ། དབང་སྡུད་མ་དང་ལས་འཇོམས་མ། བཅུ་གཉིས་
སྟོབས་ཆེན་
བསྟན་བསྲུང་ཀུན། ཁོ་བོའི་བསྟན་པ་མི་སྐྱོང་ན། ཅི་སྟེ་ཁོ་བོའི་སླད་བཞིན་འབྲང། ཞེས་གསུངས་ཤིང། ལམ་ཡིག་ལས། མཆེད་བཞིར་གསུངས་པ་ནི། རྡོ་རྗེ་ཤུགས་ཆེན་མ། འོད་ལྡན་མ། དུང་སྐྱོང་མ ནམ་མཁའི་གོས་ཅན་རྣམས་སོ། མགོན་པོ་ལྷོ་ནུབ་པ་དང། ནམ་མཁའིི་གོས་ཅན་ནི། རྒྱ་གར་ནས་ཇོ་བོའི་ཕྱགས་ཕྱིར་ལུགས་སྐུ་དང།