R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༡ན
[A:༩༡ན] གཙོ་རྐྱང་ལ་ཇོ་བོ་ཆེན་པོ་དང། ཨ་བ་དྷཱུ་ཏི་པ་གཉིས་ཀྱི་གཞུང་རེ་དང། དེ་ལ་པཎྜི་ཏ་འཇམ་དཔལ་དབྱངས་ཀྱི་འགྲེལ་པ་དང། གཙོ་འཁོར་གསུམ་དུ་བྱེད་པ་པཎྜི་ཏ་གྲགས་པ་རྡོ་རྗེའི་རྒྱ་གཞུང་དང། དེའི་གསལ་བྱེད། བྱ་ཡུལ་བས་མཛད་པ་ལ་བརྟེན་ནས། བྱིན་བརླབས་ཀྱི་བརྒྱུད་པ་ཡང་མངའ་བས། བླ་མ་གོང་མ་རྣམས་འདི་མཛད་པ་མང་ལ། ལྷ་བཞི་བྱེད་ན། མགོན་པོའི་མདུན་དུ་གནོད་སྦྱིན་ལག་ན་རྡོ་རྗེ། རྡོ་རྗེ་གསོར་ཐབས་སུ་འཛིན་པ། གནོད་སྦྱིན་གྲངས་མེད་པའི་ཚོགས་ཀྱིས་བསྐོར་བ། ནཱ་རོ་པའི་གཞུང་དང་བསྐུལ་ནས་འབྱུང་བ་བཞིན་བསྐྱེད་པ་དང། ཡང་ལག་ན་རྡོ་རྗེའི་དོད་དུ་མགོན་པོ་ཏྲཀ་ཤད་ཡོད་པ། བོད་ཀྱིས་བྱས་པའི་ལྷ་བཞི་གཅིག་ཀྱང་འདུག་གོ། ལྷ་ལྔར་བྱེད་ན། པཎྜི་ཏ་ལས་ཀྱི་རྡོ་རྗེའི་གཞུང་ལྟར། ལྕམ་དྲལ་གསུམ་གྱི་མདུན་དུ་གཏུམ་པོ་ལྕེ་སྤྱང་གདོང་ཅན་དང། རྒྱབ་ཏུ་སྲིན་པོ་ལེགས་སྲེད་དམར་པོ་གཉིས་བསྐྱེད་ལ། ལེགས་སྲེད་དམར་པོ་འདི་ལྷོ་ནུབ་པ་ཡིན་པར་བཞེད་ཅིང། མདུན་དུ་བསྐྱེད་ནས་ལས་ལ་བཀོལ་བའི་སྒྲུབ་ཡིག་ཀྱང་ཡོད་དོ། ཡང་ཇོ་བོའི་རྒྱ་གཞུང་དུ་གཙོ་བོ་ལ་མཁའ་འགྲོ་མ་བཞིས་བསྐོར་བའི་ལྷ་ལྔ་ཅིག་གསུངས་པ་དང། ཡང་གྲི་གུག་རིགས་ལྔ་དང། གཙོ་བོ་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བ། ལྷ་བཅུ་བདུན་ཟངས་གྲི་ཅན་དུ་གྲགས་པ་གཉིས་ལ། བྲམ་ཟེ་མཆོག་སྲེད་ཀྱི་གཞུང་ཆེ་ཆུང། དབང་རྒྱུད་དང་བཅས་པ་ཡོད་པ་དང། ཡང་གཙོ་བོ་ལ་ཡེ་ཤེས་ཞབས་ལུགས་ཀྱི་ཕྱོགས་སྐྱོང་བཅུ་བཅོ་ལྔས་བསྐོར་བ་དང། མགོན་པོ་རྟ་མངས་སུ་གྲགས་པ། མགོན་པོའི་བསྐུལ་ནས་འབྱུང་
བ་
སོགས་ཡོད་པས། དེ་དག་གི་མངོན་རྟོགས་དང་རྒྱ་གཞུང་གང་ནས་གང་བཤད་སོགས་དོན་དུ་གཉེར་ན་གཞན་དུ་བལྟའོ། ཡང་