R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༢ན
[A:༩༢ན] རྒྱ་དཔེའི་དགོས་ཀྱི་བཀའ་སྲུངས་ལ་བྱོན་ཞེས་འབྱུང་ལ། ནམ་མཁའི་གོས་ཅན་ཞེས་པ་སྐུ་གཅེར་བུའི་དོན་ཡིན་ཀྱང། རྒྱན་ཅན་སོགས་ནི་ཞལ་གཟིགས་ཡིན་ནོ། བྱ་ཡུལ་གྱི་ལྷ་མོ་དམར་མོ་ནི། རེ་མ་ཏི་མཆེད་བཞིའི་དབང་གི་རེ་མ་ཏི་ཡིན་ཏེ། འདི་ལ་ཙཎྜི་
དམར་མོ་
ཞེས་པ་གཏུམ་མོ་དམར་མོ་ཞེས་པའོ། གཞན་ཡང་སྔོན་གྱི་སྐྱེས་ཆེན་རྣམས་ཀྱི་གསན་ཡིག་ཆེ་ཆུང་དང། བླ་མ་རྣམས་ཀྱི་གསུང་ལས་མང་དུ་ཐོས་ཀྱང། འདིར་རྒྱས་པར་མ་སྤྲོས་ཤིང། འདི་ཙམ་ཞིག་སྨོས་པ་ཡང། ཁ་གཅིག་ལ་མངས་པ་དང། དགོས་པ་ཆུང་བའི་བློ་སྐྱེ་བ་སྲིད་པ་ཡིན་པས། ལེགས་པར་བཤད་པ་སྣང་ཡང་དོན་དུ་མི་གཉེར་ལ། དུས་ཀྱི་དབང་གིས་ལུགས་འདི་དག་དོན་དུ་གཉེར་བ་དཀའ་བར་སྣང་ཡང། འདི་དག་ལ་བརྟེན་ནས་ཀྱང་རགས་པ་ཙམ་རྟོགས་ཤིང། ཞིབ་ཏུ་འཚོལ་བའི་སྒོར་འགྱུར་བ་སྲིད་དམ་སྙམ་ནས་བཀོད་ལ། བློ་གྲོས་དང་ལྡན་ཞིང་བཀའ་བརྒྱུད་འདི་ལ་དད་པ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་རིགས་པ་བསྣན་ཅིང་སྤེལ་བར་བྱའོ། འདིར་སྨྲས་པ། དེ་སྐད་མང་དུ་ཐོས་པའི་སྨྲ་བ་པ། ལྷའི་དབང་པོའི་མགྲིན་པའི་དཀྱིལ་འཁོར་ལས། ངོ་མཚར་གཏམ་གྱི་འོད་འཕྲེང་གསར་པ་འདི། སྐལ་ལྡན་བློ་གསལ་མགྲིན་པའི་རྒྱན་དུ་འབུལ། དེ་ལྟར་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་ཆེན་པཎ་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས། བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བ་སྔོན་མཁན་ཆེན་ཞི་བ་འཚོ་དཔོན་སློབ་ནས་བརྒྱུད་པ་དང། ཕྱིས་དཔལ་ལྡན་ཨ་ཏི་ཤའི་བཀའ་བརྒྱུད་ཉིད་མཆོག་ཡིན་ལ། གཞན་ཡང་མདོ་རྒྱུད་ཚད་ལྡན་གྱི་ཚིག་དོན། ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བའི་ལམ་