R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༣ན
[A:༡༣ན] ཞེས་པ་ཡུམ་ལ་ལྷག་པར་དད་པ་ཞིག་བྱུང་སྟེ། ཕྱོགས་ཀུན་དུ་ཡུམ་འཆད་པ་ཚོལ་བ་ལ་ཞུགས་པ་ན། དེའི་ཚེ་ཡུམ་འཆད་པ་ལ་སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་པས། སྤྱན་འདྲེན་དུ་གཏང་བའི་ཕོ་ཉ་དང་ལམ་
དུ་
འཕྲད་པ་ལས་འཕྲོས་ཏེ། རྒྱལ་པོ་ས་བསྐྱོང་སྐྱོང་པའི་ལོ་བརྒྱུས་ནི། སྔོན་རྒྱ་གར་ཤར་ཕྱོགས་སེང་ལྡེང་གི་ནགས་སུ་ཤིང་གི་ལྷ་ཞིག་ཡོད་པ་དང། ཡུལ་དེའི་ཕྱུགས་རྫི་དུས་ལས་འདས་པའི་ཆུང་མ་ཕྱུགས་འཚོར་སོང་བ་གཉིས་ཀྱི་བུ་གཽ་པ་ལ་ཞེས་པ་ལ། ཕས་ནོར་བུ་རིན་པོ་ཆེ་བྱིན་པས་དེའི་ཡོན་ཏན་གྱིས་ས་ཐམས་ཅད་ལ་ཁ་ལོ་བསྒྱུར་བ་ཞིག་བྱུང་སྟེ། དེས་ན་ལེནྟྲ་བརྩིགས་སོ། དེའི་བཙུན་མོ་དབང་ཆུང་བས། རྒྱལ་པོ་དབང་དུ་བྱ་བའི་ཕྱིར། སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས། དེས་རི་བོ་གངས་ཅན་ལ་སྨན་བླངས་ཏེ་རྒྱ་བཏབ་ནས་བྲན་མོ་ལ་བསྐུར་བས། དེ་སྟེགས་འདྲེད་དེ་ལྷུང་བ་ཆུས་ཁྱེར་སྟེ་རིལ་གྱིས་རྒྱ་མཚོར་ཞུགས་པ། ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས། ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་དབང་དུ་གྱུར་ནས་བཙུན་མོ་དང་ཕྲད་པས། སྲས་དཔལ་ལྡན་ཆོས་སྐྱོང་བལྟམས་སོ། དེས་ལྷ་ཁང་གཞན་ལས་ཁྱད་པར་འཕགས་པ་ཞིག་བརྩིགས་པར་འདོད་ནས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས་ཏེ། རྒྱལ་པོ་དང། ཚོང་དཔོན་གྱི་ཁྱིམ་ནས་མར་བླངས་ཤིང། དཀའ་ཐུབ་པའི་ལྷ་གནས་ནས་སྐོང་བུ་བླངས་ཏེ་མར་མེ་སྤར་བ་ཡི་དམ་གྱི་མདུན་དུ་གཞག་སྟེ་གསོལ་བ་བཏབ་ན། ཆོས་སྐྱོང་གི་སྤྲུལ་པས་སྐོང་བུ་སྐྱུར་བར་འགྱུར་བས་དེར་བརྩིགས་ཤིག་ཟེར་ནས་དེ་ལྟར་བྱས་པས། དེ་ལྟར་བྱས་པས་བྱ་རོག་ཞིག་ཕྱུང་ནས་སྐོང་བུ་མཚོར་སྐྱུར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་