R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༡ན
[A:༢༡ན] ཇོ་བོ་སྙེ་ཐང་ནས་དགའ་ལྡན་དུ་གཤེགས་ཀར། བཤེས་གཉེན་སྟོན་པ་ལ་བསྟན་པ་གཏད་པའི་ཚུལ་མི་འཆུག་བསྡམས་པ་ལས། ཀ་བ་ཤཱཀྱ་དབང་ཕྱུག་ལ་སོགས་པ།
བོད་
སྟོན་ཐམས་ཅད་འདུས་པའི་སློབ་གྲལ་དུ། མི་འཆུག་བསྡམས་པའི་ཁོང་པ་ཟེར་ཞེས་བྱ་བ། ཕ་རྗེས་བུ་ལ་གཞག་པའི་གནད་འཇུན་འདི། མགོན་པོ་ཐུགས་རྗེ་ཅན་དེས་འབྲོམ་པ་མཛད། དགའ་ལྡན་གནས་དང་རྡོ་རྗེ་གདན་ལ་སོགས། གང་དུ་བསྟན་པའི་བདག་པོ་ནས་བཟུང་སྟེ། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། སེང་བཟང་ཀུ་སྣ་ལི་དང་གསེར་གླིང་པ། རྒྱ་ཆེན་སྤྱོད་པའི་བརྒྱུད་ཀྱིས་ཁོ་བོ་གཟུང། ང་ནི་རང་བྱུང་བཅོས་མའི་བླ་མ་མིིན། འབྲོམ་
སྟོན་
སྤྱི་ལ་སེམས་ལ་ཕ་རྗེས་གཟུང། འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས་པ་དང། རིག་པའི་ཁུ་བྱུག་ཨ་བ་དྷཱུ་ཏཱི་གཉིས། ཟབ་མོ་ལྟ་བའི་བརྒྱུད་པས་ཁོ་བོ་གཟུང། ལྟ་བ་ཕྱོགས་སུ་ལྷུང་བའི་དགེ་སློང་མིན། འབྲོམ་སྟོན་སྤྱི་ལ་སེམས་ལ་ཕ་རྗེས་གཟུང། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང། ཆོས་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། ཉམས་ལེན་བྱིན་བརླབས་བརྒྱུད་པས་ཁོ་བོ་གཟུང། མདོ་རྒྱུད་རང་གར་ཤོར་བའི་སློབ་དཔོན་མིན། འབྲོམ་
སྟོན་
སྤྱི་ལ་སེམས་ལ་ཕ་རྗེས་གཟུང། བོ་དྷི་སཏཱ་མཉྫུ་ཤྲཱི་བྷ་དྲ། རཏྣ་ཤྲཱི་དང་དྷརྨ་རཀྵི་ཏ། ཤཱནྟི་བ་དང་རཏྣཱ་ཨ་ཀ་ར། ཝཱགི་ཤཱ་ར་བྲམ་ཟེ་ཛཻ་ཏཱ་རི། བརྒྱ་དང་ལྔ་བཅུའི་ཚོགས་རབ་བཅས་པ་ཡི། བླ་མ་རྣམས་ཀྱི་མདོ་རྒྱུད་གཞུང་འགྲེལ་དང། མན་ངག་བརྒྱུད་པས་ཁོ་བོ་རྗེས་སུ་གཟུང། བླ་མ་བསླུ་བའི་སློབ་མ་ང་མ་ཡིན། ཁོ་བོ་རྒྱལ་པོ་སྨྲ་བ་ལན་གཅིག་ཡིན། འབྲོམ་སྟོན་སྤྱི་ལ་སེམས་ལ་ཕ་རྗེས་གཟུང། ཞེས་གསུངས་སོ།