[A:༢༠བ] འབྲལ་བ་བསྲུང་བའི་རྟེན་དང་བཅས་བ་ཕྱག་ཏུ་བྱུང་བ་བོད་དུ་སྤྱན་དྲངས་ཤེས་ཞེས་འབྱུང་ངོ། དེ་ལྟར་ནཱ་རོ་པ་ལ་ཆོས་མཐའ་དག་རྫོགས་པར་གསན་ཀྱང། བར་དུ་དཔལ་མཆོག་ཌོ་མཱི་བ་འབྱུང་བ་བྱིན་བརླབས་ཀྱི་བརྒྱུད་པ་ཡིན་པར་ལམ་ཡིག་ལས་གསུངས་ཏེ། དེའི་ལོ་བརྒྱུས་རྒྱུས་ནི། ཌོ་མཱི་བ་རིགས་ངན་ཞིག་ཕྱུགས་འཚོ་བ། ནཱ་རོ་པ་ཡུལ་དབུས་ཀྱི་ནགས་ཁྲོད་ཞིག་ཏུ་བསྒོམ་གྱི་བཞུགས་པ་ལ་དད་དེ། ཉིན་རེ་བཞིན་གོ་ལའི་ཤིང་ཁྲེས་བཙོངས་པའི་རིན་གྱིས་བསྙེན་བཀུར་བྱས་པས། ཁྱོད་ང་ལ་དད་དམ་གསུང། དད་ཞུས་པས། འོ་ན་བྱ་བ་ངན་པ་སྤོངས་ལ་ངའི་ཉེ་འཁོར་དུ་སྡོད་གསུང་སྟེ། དབང་བསྐུར་བྱིན་གྱིས་བརླབས། སྒྲུབ་པ་མཛད་པས་
མཆོག་གི་དངོས་
གྲུབ་བརྙེས་ཏེ། གྲགས་པས་ཀུན་ཏུ་ཁྱབ་པོ། དུས་དེར་ཇོ་བོ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཡོན་ཏན་གྱིས་ངོམས་པ་ལྟ་བུར་བཞུགས་ནའང། ཌོ་མཱི་བའི་སྙན་པ་གསན་པས། བདག་བྱིན་གྱིས་བརླབས་པའི་སྒོར་ཞུགས་ནས་གསོལ་བ་བཏབ་པས། རྣལ་ལམ་དུ་ནམ་མཁའ་ལ་དགེ་སློང་གཉིས་མི་ཤ་ལག་པ་གཅིག་ཟ་ཡིན་བྱུང་བ། ཇོ་བོ་ལ་ཡང་གསོལ་ཟེར་བས། དགེ་སློང་ལ་སྦོམ་པོར་མི་འགྱུར་རམ་དགོངས་པ་ན་རྒན་པ་ལ་གཞོན་པས་སངས་རྒྱས་ལ་འཁྲུལ་པ་མངའ་འམ་ཟེར་བ་ལ་རྒན་པས་མི་མངའ་ཟེར་བའི་ལན་ལ་དགོངས་དེ་གསོལ་བས། སང་ཉི་མ་དྲོ་ཁའི་བར་ཏིང་ངེ་འཛིན་གཅིག་ཏུ་གྱུར་ཕྱིས་དངོས་སུ་མཇལ་ཏེ། གསང་སྔགས་ཀྱི་ཆོས་མཐའ་དག་རྫོགས་པར་གསན་ནོ། དེ་དག་རྣམས་ནི་བརྒྱུད་པ་གསུམ་གྱི་ཡོན་ཏན་རྫོགས་པར་མངའ་ཚུལ་ཟུར་ཙམ་སྨོས་པ་སྟེ་རྒྱས་པར་གཞན་དུ་བལྟ་ཞིང། གཞན་ཡང་སྔགས་མཚན་ཉིད་རྫོགས་པར་གསན་པ་སོ་སོའི་བརྒྱུད་པ་ཅུང་ཟད་འོག་ཏུ་འབྱུང་ལ། གཙོ་བོར་བརྒྱུད་པ་གསུམ་དུ་འདུས་པར་གསུངས་ཏེ་