[A:༢༣བ] ཐུན་མོང་བའི་བརྒྱུད་པ་ནི། འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཡི་གེ་པ། ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། གསྔགས་མཐའ་དག་གི་བརྒྱུད་པ་ལུགས་གཅིག་ནི། ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་ཏི་ཙ་ལ། ཏེ་ལ་ཛོ་ཀི། ཙ་ཏི་ལ། མཉྫཱུ་ཤྲཱི་བྷ་དྲ། བོ་དྷི་བྷ་དྲ། ཤཱནྟི་པ་རྣམས་སོ། ལུགས་གཅིག་ནི། སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་པཱ་ལི་ཆེ་བ། ཀུ་པཱ་ལི་ཆུང་བ་རྣམས་སོ། གསང་འདུས་མཐའ་དག་གསན་པའི་བརྒྱུད་པ་གསུམ་ལས། དང་པོ་ནི། ཨིནྟྲ་བྷཱུ་ཏི། ཀླུ་མོ་རྣལ་འབྱོར་མ། ས་ར་ཧ། ཀླུ་སྒྲུབ། ཙ་ན་ཀཱིརྟི། བིརྱ་ཨིནྟྲ། ཙོ་བི་པ་ལ་ཏ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤཱནྟི་པ་དང། ཡང་ཀླུ་སྒྲུབ། ཟླ་གྲགས། རིག་པའི་ཁུ་བྱུག། ཀུ་པཱ་ལི་ཆུང་བ་རྣམས་དང། ཡང་སངས་རྒྱས་ཡེ་ཤེས་ཞབས། པདྨ་བཛུ། ཨིནྟྲ་བྷཱུ་ཏི། ལྕམ་ལཀྵྨམ་ཀ་ར། སྤྱི་བོ་སྐྱེས། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས། ཀམཱ་ལ། རོལ་པའི་རྡོ་རྗེ། ས་འགེབས་པ། ཤཱནྟི་པ་རྣམས་སོ། བདེ་མཆོག་མཐའ་དག་གསན་པའི་བརྒྱུད་པ། ལུ་ཡི་པ། ཌིམ་ཀི་པ། དྷ་རི་པ། ཛཻ་ཏཱ་རི་རྣམས་སོ། ཀྲྀ་ཡོག་མཐའ་དག་གསན་པའི་བརྒྱུད་པ་ནི། ཀུ་པཱ་ལི་ཆེ་བ་དང། ཀུ་པཱ་ལི་ཆུང་བ་རྣམས་དང། གཤིན་རྗེ་གཤེད་མཐའ་དག་ནི། ཀ་མ་ལ་རཀྵི་ཏ་དང། ནག་པོ་ཞབས་རྣམས་ལས་གསན་ནོ། དེ་ལྟར་བརྒྱུད་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་གཙོ་བོ་ནི་གོང་དུ་སྨོས་པའི་བརྒྱུད་པ་གསུམ་མམ་བཞིར་འདུའོ། མདོར་ན་ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། བརྟུལ་ཞུགས་བྱིན་གྱིས་རློབ་པ་ཌོ་མཱི་བ། ལས་ཚོགས་བྱིན་བརླབས་སྟེར་བ་བ་ལིམ་ཏ་ལ་ཙཱརྱ་རྫུ་འཕྲུལ་བྱིན་བརླབས་སྟེར་བ་མི་ཆེན་པོ། ཕག་མོའི་བྱིན་བརླབས་སྟེར་བ་བྷུ་ཏ་ཀོ་ཊི། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བ་མཁས་པ་རྟ་མཆོག། བྱང་ཆུབ་ཀྱི་སེམས་སྟེར་བ་ཤེས་རབ་བཟང་པོ། ཚིག་དོན་